ནུས་སེམས་གཅིག་སྒྲིལ་གཟི་དཔལ་བཏོད། ལག་གདང་སྦྲེལ་ནས་ངོ་མཚར་རྩོམ།
——“སྐལ་བཟང་མེ་ཏོག་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་དྲུག་པའི་སྐོར་བཀོད་པ།

འདི་ནི་སྲོང་བཙན་སྒྱུ་རྩལ་ཚོགས་པས་ཞབས་བྲོ《ཉི་མ་མེ་ཏོག》འཁྲབ་བཞིན་པ།

འདི་ནི་ས་གཙང་ཐོན་རྫས་ཀྱི་ཚོང་འདུས་ལ་ནན་ཅིང་གི་གྲོང་མིས་ཆང་གི་བྲོ་བ་མྱོང་བཞིན་པ།

འདི་ནི་ནན་ཅིང་གི་གྲོང་མིས་གཉེན་འཕྲད་ཀྱི་ལག་ཁྱེར་རེ་འདུན་ཞུ་བཞིན་པ།

འདི་ནི“སྐལ་བཟང་མེ་ཏོག་བཞད”ཅེས་པའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆེད་དམིགས་སྦྱོང་བརྡར་སྒར་ས་སྐབས་བདུན་པའི་འགོ་ཚུགས་རྣམ་པ།

འདི་ནི་མང་ཚོགས་ཁྲི་ཚོའི་སྒོར་གཞས་དགོང་ཚོགས་ལ་ནན་ཅིང་གི་གྲོང་མི་དང་མལ་གྲོ་གུང་དཀར་རྫོང་སྲོང་བཙན་སྒྱུ་རྩལ་ཚོགས་པའི་འཁྲབ་མི་ཚོས་མཉམ་དུ་སྒོར་གཞས་འཁྲབ་བཞིན་པ།

འདི་ནི་ནན་ཅིང་གྲོང་ཁྱེར་གླུ་གར་ཟློས་གར་ཁང་གིས་ཞབས་བྲོ《བརྩེ་བ》ཞེས་པ་འཁྲབ་བཞིན་པ།
ཉིན་ཤས་གོང་། “ལོ་ངོ་དྲུག་ཅུའི་རིང་བློ་སེམས་གཅིག་མཐུན་གྱིས་འོད་སྟོང་འཕྲོ་བའི་ལེའུ་བརྩམས། ལོ་ངོ་སུམ་ཅུའི་རིང་ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“སྐལ་བཟང་མེ་ཏོག་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་དྲུག་པ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཆི་ཞ་ཆུས་ཤན་ལིན་ཅིན་དབྱིང་མཚོ་འགྲམ་གནམ་ས་ཐང་ཆེན་དུ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོ་དམིགས་བསལ་ཞིག་ཡོད་དེ་བགྲང་བྱ་སུམ་ཅུ་ཡི་རིང་ནན་ཅིང་གྲོང་ཁྱེར་དང་མལ་གྲོ་གུང་དཀར་རྫོང་གིས་ལག་གདང་དཔུང་སྦྲེལ་གྱིས་འཕེལ་རྒྱས་དོན་གཉེར་བྱས་པར་མཐོང་ཐོས་མྱོང་གསུམ་བྱུང་བའི“བདེན་དཔང་བ་བཞི”ཡིས་ལྷན་དུ་མཛད་སྒོ་འགོ་འཛུཌ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང“སྐལ་བཟང་མེ་ཏོག་བཞད”ཅེས་པའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆེད་དམིགས་སྦྱོང་བརྡར་སྒར་ས་སྐབས་བདུན་པ་དང“ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང”གི་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་འགོ་ཚུཌ་དར་སྤྲོད་མཛད་སྒོའང་དུས་གཅིག་ཏུ་འཚོགས་ནས། མལ་གྲོ་གུང་དཀར་རྫོང་གི་ཤེས་ལྡན་པ་གསོ་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་རེད།
“སྐལ་བཟང་མེ་ཏོག་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”རིང་། མལ་གྲོའི་མང་ཚོགས་དང་ནན་ཅིང་གྲོང་ཁྱེར་དབར་གྱི་འབྲེལ་ཐག་སྔར་བས་ཉེ་རུ་གཏོང་བ་དང“ནན་ཅིང་མལ་གྲོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”
མཛའ་གཅུགས་ཟབ་མོ་མྱོང་ཚོར་ཐུབ་པར་བྱ་ཆེད། ནན་ཅིང་གྲོང་ཁྱེར་ཆི་ཞ་ཆུས་སུ་ཚོགས་ར་གཙོ་བོ་དང་ཡུས་ཧྭ་ཐའེ་ཆུས་དང་། ཕུའུ་ཁོའུ་ཆུས། ཀའོ་ཁྲུན་ཆུས། ཤིན་ཁྲེང་ཐོག་ཁང་ཆེན་པོ་སོགས་སུ་ཡན་ལག་ཚོགས་ར་བཙུཌ་ནས། མང་ཚོགས་ཁྲི་ཚོའི་སྒོར་གཞས་དགོང་ཚོགས་དང་། མངོན་མིན་རིག་གནས་ཤུལ་བཞག་བོད་ལུགས་གསོ་རིག་གི་འོས་འགན་སྨན་བཅོས། དག་པའི་རྫ་བཟོའི་ལག་ཤེས་ཉམས་ལེན། བརྗོད་དོན་གཙོ་བོའི་གློག་བརྙན་འགྲེམས་སྟོན། “མལ་གྲོ་བ་ཁྲི་ཚོ་གཉེན་འཕྲད་ལྗོངས་རྒྱུར་སྐྱོད་པ” ས་གཙང་ཐོན་རྫས་ཀྱི་ཚོང་འདུས་སོཌ་ནང་དོན་ཆེ་བ་བཞི་དང་རྣམ་གྲངས་19ཡོད་པའི་ཁྱད་ལྡན་བྱེད་སྒོ་སྤེལ་བ་རེད།
“སྐལ་བཟང་མེ་ཏོག་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་དྲུག་པར་སྤེལ་ཐེངས་དང་པོ་་ཡིན་པའི་བྱེད་སྒོ་གསུམ་པོས་ནན་ཅིང་དང་མལ་གྲོ་ས་གནས་གཉིས་ཀྱི་སློབ་གསོ་དང་། རིག་གནས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད། “ལོ་ངོ་དྲུག་ཅུའི་རིང་བློ་སེམས་གཅིག་མཐུན་གྱིས་འོད་སྟོང་འཕྲོ་བའི་ལེའུ་བརྩམས། ལོ་ངོ་སུམ་ཅུའི་རིང་ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས”ཞེས་པའི་བརྗོད་དོན་གཙོ་བོའི་ནན་ཅིང་དང་མལ་གྲོའི་ཡིག་གཟུགས་དང་རི་མོ་འགྲེམས་སྟོན་སྐབས་དང་པོར་མལ་གྲོའི་དགེ་སློབ་ཀྱི་བརྩམས་ཆོས་90ལྷག་ཙམ་ལས“ནན་ཅིང་མལ་གྲོ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དང་མི་རིཌ་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་མངོན་པ་མ་ཟད། ནན་ཅིང་གི་གྲོང་མིས་བོད་ཀྱི་ཡུལ་གོམས་གཤིས་ལུགས་ཤེས་རྟོགས་གཏིང་ཟབ་བྱུང་ནས་ས་གནས་གཉིས་དབར་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་བརྟན་པོ་ཞིག་བསྐྲུན་ཡོད། གཞན་ཡང་། “ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང”གི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ནན་ཅིང་དུ་འགོ་ཚུགས་ཤིང་། མལ་གྲོའི་འབྲུ་རིགས་འདེབས་མཁན་དུད་ཚང་ཆེ་གྲས་དང་། ཁྱིམ་ཚང་ཞིང་རའི་བདག་པོ། ཞིང་པའི་མཉམ་ལས་ཁང་གི་འགན་འཁུར་བ། གྲོང་གསེབ་ཀྱི་ལས་གཏོད་སྣེ་ཁྲིད་པ་སོགས་མང་ཚོགས་25ནན་ཅིང་དང་། ཝུའུ་ཤིས། སུའུ་ཆན་སོགས་སུ་བསྐྱོད་ནས་ས་ཡུལ་དངོས་ཀྱི་གསོ་སྦྱོང་ལ་ཞུགས་པ་རེད། “སེམས་པ་ནན་ཅིང་དང་སྦྲེལ། མལ་གྲོར་གཉེན་འཕྲད་ལ་ཕེབས”
ཞེས་པའི་བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་འདུ་ཚོཌ་སྐབས་དང་པོར་རིག་གནས་ཡུལ་སྐོར་འོས་སྦྱོར་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། སྲིད་ཇུས་ཁྱབ་བསྒྲཌ་བཅས་བརྒྱུད“གནམ་མཐའི་མལ་གྲོའི”ཁྱད་འཕགས་ངོ་མཚར་ཕྱོགས་ཡོངས་ནས་མངོན་པ་དང་ས་གནས་གཉིས་པོའི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
འབྲེལ་ཡོད་གསར་འགྱུར།