དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་ལྟ་ཉན་བརྩམས་ཆོས་རྩེ་གྲ་3ལ“གསེར་གྱི་ཕོ་ཉའི་བྱ་དགའ”ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-22

    ཉེ་ཆར། “གློག་བརྙན་ལ་རྒྱལ་མཚམས་མེད། འབྱུང་འགྱུར་ལ་འོད་སྣང་འཕྲོ”ཞེས་པའི་བརྗོད་དོན་གཙོ་བོའི་ཀྲུང་གོ་དང་ཨ་རིའི་གློག་བརྙན་དུས་ཆེན་སྐབས་21པ་དང་། ཀྲུང་གོ་དང་ཨ་རིའི་བརྙན་འཕྲིན་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང“གསེར་གྱི་ཕོ་ཉའི”བྱ་དགའ་སྤྲོད་པའི་མཛད་སྒོ་ཨ་རིའི་གྲོང་ཁྱེར་ལུའོ་ཧྲན་ཅི་རུ་གཉེར་བ་རེད། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ཐེངས་དང་པོར་རླུང་འཕྲིན་བརྙན་འཕྲིན་གྱི་ལྟ་ཉན་བརྩམས་ཆོས་3དཔྱད་འདེམས་ནང་གདམ་རྒྱུར་བསྐྱལ་བ་མ་ཟད། དེ་གསུམ་པོར་བྱ་དགའ་ཡང་ཐོབ་ཡོད། དེའི་ཁྲོད་ཀྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། བོད་ལྗོངས་ཝེ་ཅི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་བཟོས་པའི་དྲ་རྒྱའི་བརྙན་ཐུང་འཁྲབ་ཚན《ཁམ་བུའི་མེ་ཏོག་བཞད་སར་འགྲོ》ཞེས་པར་ལོ་འཁོར་གྱི་དྲ་རྒྱའི་བརྙན་ཐུང་འཁྲབ་ཚན་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་རེད། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་པར་གཞི་བཏོན་པ། བོད་ལྗོངས་གློག་བརྙན་བརྙན་འཕྲིན་ལྟེ་གནས་ཀྱིས་སྒྲིག་བཟོ་བྱས་པའི་དངོས་མཚོན་གློག་བརྙན《བོད་ལྗོངས། སྐར་ཚོགས་ནམ་མཁའི་འོག་གི་ངོ་མཚར》 བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་པར་གཞི་བཏོན་པ་དང་བོད་ལྗོངས་རིག་ལྡན་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་བཟོས་པའི་དངོས་མཚོན་གློག་བརྙན《ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད》བཅས་ལ་ཀྲུང་ཧྭའི་རིག་གནས་རྒྱལ་སྤྱིར་བརྒྱུད་བསྒྲགས་བྱེད་ཤུགས་ཀྱི་བྱ་དགའ་ཐོབ་ཡོད།

    སྐབས་འདིའི་ཀྲུང་ཨའི་གློག་བརྙན་དུས་ཆེན་དང་། ཀྲུང་ཨའི་བརྙན་འཕྲིན་དུས་ཆེན་ལ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་600ལྷག་ཙམ་དཔྱད་འདེམས་ནང་ཞུགས་ཡོད། ད་ཐེངས་བོད་ཀྱིས་བདམས་པའི་བརྩམས་ཆོས་3ལ“གསེར་གྱི་ཕོ་ཉའི་བྱ་དགའ”ཐོབ་པ་ནི། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་གྱི་ལྟ་ཉན་བརྩམས་ཆོས《ཁམ་བུའི་མེ་ཏོག་བཞད་སར་འགྲོ》ཞེས་པ་2025ལོའི་ཀྲུང་གོའི་མཱ་ལན་ཧྲན་ལྟ་ཉན་བརྙན་ཐུང་མཚན་མོའི“ལོ་འཁོར་གྱི་མིག་གི་སྟོན་མོའི་མིང་གྲལ”དང་པེ་ཅིང་གི་མིག་ཡིད་རྣ་བའི་དགའ་སྟོན་ཆེན་པོའི“འོད་སྣང་འཆར་གཞིའི”རྒྱལ་སྤྱིའི་བརྙན་ཐུང་འཁྲབ་ཚན་གྱི་འགྲན་བསྡུར་ཆེ་མོའི་སྤྱིའི་མཐའ་བསྡུར་རྩེ་གྲས་བཅུའི་ནང་ཚུད་རྗེས་སུ་སླར་ཡང་ཐོབ་པའི་གྲུབ་འབྲས་གཞན་ཞིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།