དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་གློག་ཤུགས་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པ།

    —— “ལོ་ལྔ་ཚན་བཅུ་བཞི་པ”ཚུན་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ཀྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-22

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་འགོད་པའི་ལོ་ཡང་ཡིན། ལོ་ལྔའི་རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གློག་དྲའི་དྲ་སྒྲོམ་རྒྱུན་མཐུད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གློག་གཏོང་འགན་སྲུང་སྔར་བས་བརྟན་དུ་གཏོང་བ། གློག་ཤུགས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ནུས་རྒྱུ་གཙང་མ་ནུས་ཆེའི་ངང་འདྲེན་སྤྱོད་བཅས་བྱས་ཏེ། གློག་ནུས་ཆེན་པོར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཟམ་མི་ཆད་པ་བསྣན་ཡོད།

    གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    གློག་སྤྱོད་ཆེ་རུ་འགྲོ་བའི་དགོས་མཁོ་སྐོང་ཆེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་གློག་དྲ་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་བཏང་ཞིང་། ལྷ་སའི་ཆན་ཧྥུའུ་500ཡི་གློག་སྒྱུར་དང་ཤོང་ཚད་ཆེ་བའི་དྲ་གྲུབ་རྣམ་པའི་SVGསོགས་གཙོ་གནད་ལས་གྲྭ་རབ་དང་རིམ་པ་རིམ་གྱིས་སྤྱོད་འགོ་ཚུགས་ཏེ། གློག་དྲའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་གློག་གཏོང་གི་བརྟན་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    རིམ་ཁག་གློག་དྲའི་དྲ་སྒྲོམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྦྲགས། བོད་ལྗོངས་གློག་དྲའི་གློག་གཏོང་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། 2024ལོར་བོད་དུ་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་154.17ཟིན་པ་དང་། གློག་སྤྱོད་ཀྱི་ཐེག་ཚད་མཐོ་ཤོས་ཆན་ཝ་ཁྲི་275.82ཟིན་ཏེ་གཉིས་ཀ་ཆེས་ཆེར་འཕར་ཡོད།

    ད་ཆ་བོད་ཀྱི་གློག་དྲ་གཙོ་བོ་རྫོང(གྲོང་ཁྱེར་དང་ཆུས)74དང་ཤང་དང་གྲོང་རྡལ་660རུ་ཁྱབ་ནས་མང་ཚོགས་ཁྲི་370ལ་ཕན་པ་ཐོབ་ཡོད། གྲོང་གསེབ་གློག་དྲའི་གློག་འདོན་བརྟན་ཚད་དང་གློག་གནོན་ཚད་ལོན་ཚད་99.526%དང་98.995%སོ་སོར་ཟིན་ཞིང་། ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་126གིས་རིག་ནུས་གློག་གི་ཆུ་ཚོད་སྤྱོད་ཐུབ་ཡོད།

    སྤུས་ལེགས་ཀྱི་ཞབས་འདེགས་ཞུས་ནས་སྤྱོད་མཁན་གྱི་ཉམས་ལེན་ལེགས་སུ་བཏང་བ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས“མི་དམངས་གློག་ལས་མི་དམངས་ཆེད་དུ་ཡིན”པའི་དམིགས་ཡུལ་ལག་ལེན་གཏིང་ཟབ་བསྟར་ནས། སྤྱོད་མཁན་གྱི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ་དང་གློག་ཤུགས་ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བས་གློག་གཏོང་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།

    —— ལྗང་མདོག་རྒྱལ་ཁབ་གློག་དྲའི་འདུས་གྲུབ་ལས་དོན་ལ་སྐུལ་འདེད་བཏང་ནས། མཐོ་གནོན་སྤྱོད་མཁན་387ལ་ཕྱོགས་བསྡུས་ནུས་འབྲས་ཀྱི་རྩིས་ཁྲ་བཟོས་པ་དང་། ནུས་འབྲས་དཔྱད་ཞིབ་ལས་འགན་ཁག་526སྤེལ་བ། གློག་ནུས་ཀྱི་ཚབ་བྱེད་དུད་ཚང་169ལ་གྲལ་བཤེར་བཅས་བྱས་པས། ཁེ་ལས་ཀྱིས་དེ་བས་ལེགས་པའི་ངང་གློག་སྤྱོད་ཐུབ་པ་དང་ནུས་པའི་ཟད་གྲོན་ཡང་གྲོན་ཆུང་ཐུབ་ཡོད།

    —— ཞབས་ཞུའི་གནད་དོན་བཅོས་སྒྲིག་གི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། བརྙན་ལམ་གྱི་ལྟ་སྡོམ་བརྒྱུད་སྐར་ཁུང་ཞབས་ཞུའི་གནས་ཚུལ་ཞིབ་ཕྲར་དོ་སྣང་བྱས་པ་དང་། སྤྱོད་མཁན་གྱིས་ཞུ་གཏུག་བརྒྱབ་པའི་གནད་དོན་ལ་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་ཐག་གཅོད་བྱས་ཏེ་བྱ་བ་ཚང་མར་ལན་ཡོད་པ་བྱས་ཡོད།

    —— སྤྱོད་མཁན་ཁྲི་15.89ཡི“གློག་བརྒྱུད་གཏོང”གི་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱས་ནས་རིན་གོང་བཅགས་པས་དུད་ཚང་ཁྲི་སྟོང་མང་པོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། “ལག་ཁྱེར་གཅིག་གཉེར་དང་གདོང་བཤེར་གཉེར་སྒྲུབ”ཀྱི་ནུས་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ་མཐོ་གནོན་དང་དམའ་གློག་གི་གློག་གཉེར་ལྷུ་ཚིགས་4དང་3སོ་སོ་བར་ཉུང་དུ་བཏང་ནས། ཆ་སྙོམས་གློག་སྤྱོད་སྦྲེལ་མཐུད་ཀྱི་དུས་ཚོད་ལས་ཀའི་ཉིན་22དང་ལས་ཀའི་ཉིན་3བར་ཐུང་དུ་བཏང་ཡོད།

    ད་ཆ་གངས་འདབས་དང་འབྲོག་ར་ནས་མཐའ་མཚམས་གྲོང་ཚོའི་བར་ཞིང་འབྲོག་པས་ལག་པ་འགུལ་ཙམ་གྱིས་གློག་རིན་འཇལ་བ་དང་ཆག་སྐྱོན་ཉམས་གསོ་རེ་ཞུ་སོགས་ཀྱི་ལས་སྒོ་ལེགས་སྒྲུབ་ཐུབ་ནས། གློག་ཤུགས་ཞབས་ཞུའི་ལས་སྒོ“མཐའ་མའི་འགག་གནད”ནས“མཐའ་མའི་བརྙན་འཆར་གཅིག”བར་དང་། “གློག་སྤྱོད་པ”ནས“གློག་ཡག་པོ་སྤྱོད་པའི”བར་གྱི་མཆོང་སྐྱོད་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་གློག་སྤྱོད་དགོས་མཁོ་དེ་བས་ལེགས་པའི་ངང་བསྐངས་ཡོད།

    ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་བཏང་བ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལོ་ལྟར་བོད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མ་འཇོག་ཁྲོད་ཀྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་བསྡུར་ཚད་ཀྱིས་30%བཟུང་ནས་ཆུ་གློག་གཙོ་བོར་བྱེད་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་རྒྱུ་གཙང་མ་སྣ་ཚོགས་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཆགས་ཡོད། མིག་སྔའི་བར་བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་98%བཟུང་ནས་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་སྤྲོད་སྤྱིར་ན་མངོན་འགྱུར་ཐུབ་སྟེ། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་བསྡུར་ཚད་མཐོ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད།

    མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མཚེའུ་དཀར་མོ་གྲོང་ཚོའི“འོད་ཤུགས་དང་ནུས་གསོག ཆུ་གློག་ཆུང་ངུ”བཅས་མཉམ་འདུས་རྣམ་པའི་གློག་དྲ་ཆུང་ངུ་བེད་སྤྱོད་བྱེད་འགོ་ཚུགས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་བྲག་རྫོང་དང་མངའ་རིས་ས་ཁུལ་གྱི་དགེ་རྒྱས་རྫོང་གི་འབྲེལ་ཡོད་རྣམ་གྲངས་ལ་བརྒྱུད་རིམ་ལྡན་པར་སྐུལ་འདེད་བཏང་བ། དྲ་གྲུབ་རྣམ་པའི་ལག་རྩལ་ཞིབ་འཇུག་བཀོལ་སྤྱོད་ཧུར་ཐག་བྱས་ནས་བོད་ལྗོངས་གློག་དྲའི་བདེ་འཇགས་འགན་སྲུང་ནུས་པ་དང་། ཐོན་ཁུངས་བཀོད་སྒྲིག་ནུས་པ། ལྗང་མདོག་འཕེལ་རྒྱས་ནུས་པ་བཅས་སྔར་བས་ཆེ་རུ་བཏང་སྟེ། “ཐཱན་གཉིས”འཐབ་ཇུས་ལག་ལེན་བསྟར་བར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།