རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་གནས་ཚུལ་གྱི་གཙོ་གནད་ཞིབ་བཤེར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཚེས་19ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་གནས་ཚུལ་གྱི་གཙོ་གནད་ཞིབ་བཤེར་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མི་ཚོས་བཏོན་པའི་གྲོས་འགོ་367ཁྲོད་ཁྱབ་རྒྱ་ཆེ་བ་དང་། གནད་དོན་གྱི་ཚུར་སྣང་གཅིག་སྡུད་ཆེ་བ། སྒྲུབ་གཉེར་གྱི་དཀའ་གནད་ཆེ་བ་བཅས་ཀྱི་འཐུས་མིའི་གྲོས་འགོ་12བདམས་ནས་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་ལྕག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།