མཚོ་སྔོན་ཞིང་ཆེན་གྱིས་ཟླ་བ་དང་པོ་ནས་བཅུ་པའི་རིང་གི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་11ཚེས་19ཉིན། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། བསྡོམས་རྩིས་གཞིར་བཟུང་། འདི་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་59.6ཟིན་ནས་ན་ནིང་གི་དུས་མཚུངས་ལས་42.7%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་52.7ཟིན་ནས་76.5%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་6.9ཟིན་ནས་41.8%ཆག་ཡོད། ཕྱིར་གཏོང་ནང་འདྲེན་དང་ཕྱིར་གཏོང་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མང་དུ་ཕྱིན་ནས་ཕྱིར་གཏོང་ནང་འདྲེན་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་དུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་ཐོན་རྫས་ཀྱི་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་26.8ཟིན་ནས་ལྡབ་6.4འཕར་བ་དང་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་51%བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བརྒྱ་ཆའི་གྲངས་55.5འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། དེའི་ནང་ལིས་གྱེས་རྡུལ་གསོག་བྱེད་གློག་རྫས་ཕྱིར་གཏོང་སྒོར་དུང་ཕྱུར་25.2ཟིན་ནས་ལྡབ་7.3འཕར་ཡོད། འོད་ཤུགས་ཐོན་རྫས་ཕྱིར་གཏོང་སྒོར་དུང་ཕྱུར་1.7ཟིན་ནས་ལྡབ་1.7འཕར་ཡོད།
ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བརྟན་པོའི་ངང་འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། ཟླ་བ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་སྒོར་དུང་ཕྱུར་6.4ཟིན་ནས་36.4%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་འཕར་ཚད་བརྒྱ་ཆའི་གྲངས་34.4ལས་མཐོ་བ་ཡོད། དུས་མཚུངས་མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་སྔོ་ཚལ་ཏུན་ཁྲི་རིམ་པའི་ཕྱིར་གཏོང་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར་སྔོ་ཚལ་སོས་པའམ་གྲང་ཉར་སྔོ་ཚལ་ཏུན་7022.5དང་ཞོག་ཁོག་ཏུན་3966.5ཕྱིར་གཏོང་བྱས་པ་རེད།
ཕྱི་ཕྱོགས་ཚོང་གཉེར་བྱེད་པོ་བརྟན་པོའི་ངང་འཕར་བ་དང་དམངས་གཉེར་ཁེ་ལས་ནི་སྔར་བཞིན་ཚོང་དོན་བྱེད་པོ་ཆེ་གྲས་ཨང་དང་པོ་ཡིན་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་དུ་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཡོད་གྲུབ་འབྲས་ལྡན་པའི་ཁེ་ལས་217ཟིན་ནས་ན་ནིང་གི་དུས་མཚུངས་ལས་ཁེ་ལས་21མང་དུ་ཕྱིན་ནས་10.7%འཕར་ཡོད་པ་རེད། དེའི་ནང་དམངས་གཉེར་ཁེ་ལས་202ཡོད་པ་དང་། ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་52.6ཟིན་ནས་65.3%འཕར་ཏེ། དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་88.2%ཟིན་པས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྒྱ་ཆའི་གྲངས་49.8འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། དུས་མཚུངས་གཞུང་ཁོངས་ཁེ་ལས་10ཡོད་པ་དང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་6.8ཟིན་པ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་4ཡོད་པ་དང་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི་2620.2ཟིན་གྱི་ཡོད།
རྒྱལ་སྤྱིའི་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཚོང་དོན་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ(ས་ཁུལ)115དང་ཚོང་དོན་འགྲོ་འོང་བྱས་པ་དང་ན་ནིང་གི་དུས་མཚུངས་ལས་རྒྱལ་ཁབ(ས་ཁུལ)21མང་དུ་ཕྱིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་49.5ཟིན་ནས་60.5%འཕར་བ་དང་དུས་མཚུངས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་83.1%བཟུང་བ་དང་བསྡུར་ཚད་བརྒྱ་ཆའི་གྲངས་9.2འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁྲོད་ཀྱི་ཧང་ག་རི་དང་། ཝེ་ཐེ་ནམ། ཨུ་རུ་སུ་བཅས་ནི་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་རྒྱལ་ཁབ་ཆེ་གྲས་གསུམ་ཡིན་པ་དང་། གོང་གསལ་རྒྱལ་ཁབ་གསུམ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་24.7དང་། སྒོར་དུང་ཕྱུར་4.5 སྒོར་དུང་ཕྱུར་4.2བཅས་སོ་སོར་བྱས་པ་དང་ལྡབ་6.4དང་། ལྡབ་2.5 73.5%བཅས་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།