དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་རིག་གནས་སྤྱི་གླིང་4(མཚོ་སྔོན་དུམ་བུ)ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་18ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་དུམ་བུ་འཛུགས་སྐྲུན་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་མགྱོགས་ལ་བརྟན་པ་དང་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་དེ“རྒྱུད་1དང་། དུམ་བུ་18 ཁུལ་26 གནས་མང་པོའི”སྤྱིའི་རྣམ་པ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ། 《ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་སྲུང་སྐྱོང་འཆར་འགོད》སྒྲིག་བཟོ་བྱས་ནས་བཀྲམ་པ་རེད། 2022ལོ་ནས་བཟུང་བསྡོམས་རྣམ་གྲངས་ཆེན་པོ་10དང་ཡན་ལག་རྣམ་གྲངས་22ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.3བཏང་བ་རེད། དེ་དང་ཆབས་ཅིག ལྕགས་རི་རིང་པོའི་བརྗོད་དོན་གཙོ་བོའི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་4ཇུས་འགོད་བྱས་ནས། ཏ་ཐུང་ལའོ་ཡེ་ཧྲན་རི་བོ་དང་པད་མ་རོང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཆའང་བོད་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། 《འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་དུམ་བུ)འཛུགས་སྐྲུན་སྲུང་སྐྱོང་འཆར་འགོད》སྒྲིག་བཟོ་ལེགས་གྲུབ་ཟིན་པ་དང《འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི(མཚོ་སྔོན་དུམ་བུ)ལག་བསྟར་ཇུས་གཞི》སོགས་བཀྲམ་སྟེ་སྲུང་སྐྱོང་དང་རྒྱུན་འཛིན་དང་། ཞིབ་འཇུག་སྔོག་འདོན། ཁོར་ཡུག་ལེ་ལག་ཚང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། གྲངས་འཛིན་བསྐྱར་མངོན་བཅས་ཀྱི་རྨང་གཞིའི་ལས་གྲྭ་གཙོ་བོ་ལྔ་སྤྱི་འདོམས་ལག་བསྟར་བྱས་པ་རེད། དེ་དང་འབྲེལ་རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།