དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཧྲིལ་པོ་སྒོ་ཁྲལ་སྡོམ་པའི་འཁོར་སྐྱོད་ཟླ་བ་གཅིག་གི་ལུགས་ལྡོག་གྲངས་རྩིས་ལ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-21

    གསར་འགོད་པར་ཟླ་11ཚེས་18ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དུས་བཀག་ལྟར་སྒོ་ཁྲལ་སྡོམ་པའི་འཁོར་སྐྱོད་བརྟན་པོ་ཐུབ་ཆེད། འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆར་ལེགས་གྲུབ་ཟིན་ནས་སྒོ་ཁྲལ་སྡོམ་པའི་འཁོར་སྐྱོད་ཀྱི་ཆ་རྐྱེན་ཚང་མ་འཛོམས་ཤིང་། འདི་ལོའི་ཟླ་11ཚེས་18ཉིན་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཧྲིལ་པོ་སྒོ་ཁྲལ་སྡོམ་འགོ་ཚུགས་པ་རེད། འདི་ནི་ཟླ་11ཚེས་18ཉིན་ཧའེ་ཁོའུ་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མའི“རིམ་གཉིས་གྲུ་ཁའི”(ཟོག་འདྲེན)གཅིག་སྡུད་ཞིབ་བཤེར་བྱ་ཡུལ་དུ་གྲུ་ཁ་དང་། འགག་སྒོ འགྲིམ་འགྲུལ་སོགས་ཞུགས་པའི་མཉམ་འབྲེལ་ནང་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།