རང་རྒྱལ་གྱིས་2027ལོར་སླེབས་སྐབས་ཚད་གཞི་མཐོ་བའི་གྲངས་འཛིན་གླིང་200ཡས་མས་བསྐྲུན་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་བཟོ་ལས་དང་ཆ་འཕྲིན་ཅན་པུའི་གཞུང་དོན་ཐིང་གིས《ཚད་གཞི་མཐོ་བའི་གྲངས་འཛིན་གླིང་འཛུགས་སྐྲུན་གྱི་སྟོན་ཕྱོགས》བཀྲམ་ནས། 2027ལོར་སླེབས་སྐབས་ཚད་གཞི་མཐོ་བའི་གྲངས་འཛིན་གླིང་200ཡས་མས་བསྐྲུན་ཏེ་གླིང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲངས་འཛིན་ཅན་སྒྱུར་བཀོད་ཡོངས་སུ་ཁྱབ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།
སྟོན་ཕྱོགས་ནང་། ཚད་གཞི་མཐོ་བའི་གྲངས་འཛིན་གླིང་གི་འཛུགས་སྐྲུན་ཚད་གཞི་ཁ་གསལ་བཟོས་ཡོད་པ་སྟེ། དཔེར་ན་བཟོ་ལས་དྲ་སྦྲེལ་གྱི་བཀོལ་སྤྱོད་དེ་གླིང་ཁུལ་གྱི་ལས་རིགས་ཚང་མར་ཁྱབ་དགོས་པ་དང་། གླིང་ཁུལ་གྱི་གྲངས་འཛིན་ཅན་གྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་བཀོལ་སྤྱོད་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁྱབ་པའི་བསྡུར་ཚད་100%ཟིན་དགོས་པ། གླིང་ཁུལ་གྱི་རྒྱུ་ནོར་དོ་དམ་དང་། དཔལ་འབྱོར་འཁོར་རྒྱུག་གི་ལྟ་ཞིབ་ཚད་ལེན། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། བདེ་འཇགས་འཕྲལ་སྡོམ་དོ་དམ་ཚོད་འཛིན་སོགས་ལྷུ་ཚིགས་གཙོ་བོར་ཁྱབ་པའི་གྲངས་འཛིན་ཅན་གྱི་གཉེར་སྐྱོང་དོ་དམ་མ་ལག་བསྐྲུན་དགོས་པ། ཀྲའོ་སྟོང་གཉིས་ཀྱི་དྲ་རྒྱ་ཁྱབ་ཚད་100%ཟིན་དགོས་པ་སོགས་རེད།
འབྲེལ་ཡོད་གསར་འགྱུར།