དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཧྲའན་པེའི་གློག་ཨན་ཧུའེ་རུ་ཁྲིད་པའི”ལས་གྲྭའི་ཨན་ཧུའེ་དུམ་བུའི་གློག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-21

    ཟླ་11ཚེས་18ཉིན། ཧྲའན་པེ་ནས་ཨན་ཧུའེ་བར་གྱི་±800ཧྥུ་ཐེ་སྟོང་གི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭའི(གཤམ་དུ“ཧྲའན་པེའི་གློག་ཨན་ཧུའེ་རུ་ཁྲིད་པའི”ལས་གྲྭ་ཞེས་བསྡུ་རྒྱུ)ཨན་ཧུའེ་དུམ་བུའི་གློག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཨན་ཧུའེ་ནི“ཧྲའན་པེའི་གློག་ཨན་ཧུའེ་རུ་ཁྲིད་པའི”ལས་གྲྭའི་ལམ་བརྒྱུད་ཀྱི་ཞིང་ཆེན་གསུམ་གྱི་གློག་ལམ་ཤར་གཏོང་ཐུབ་པའི་ཞིང་ཆེན་དང་པོ་དེ་ཡིན་ཞིང་། དེ་སྔའི་འཆར་གཞི་ལས་ཟླ་བ་གསུམ་གྱིས་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་པ་རེད།

    “ཧྲའན་པེའི་གློག་ཨན་ཧུའེ་རུ་ཁྲིད་པའི”ལས་གྲྭ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གློག་ཤུགས་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན་ཞིང་། ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་པའོ་ཐ་ཧྲན་གློག་སྒྱུར་ས་ཚིགས་ནས་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧོ་ཀྲོའུ་གློག་སྒྱུར་ས་ཚིགས་བར་ཡིན་པ་དང་། ཧྲའན་ཤིས་དང་། ཧོ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་བརྒྱུད་པ་དང་གློག་ལམ་གྱི་རིང་ཚད་སྤྱི་ལེ་1055ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།