དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་དང་འཐབ་ཇུས་གླེང་མོལ་སྐབས་གཉིས་པ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན། ཀྲུང་གོ་གུང་ཁྲན་ཏང་དང་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་འཐབ་ཇུས་གླེང་མོལ་སྐབས་གཉིས་པ་པེ་ཅིང་དུ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་དང་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཁེ་ལིན་པེར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་སྤེལ་བ། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། རིག་མཛོད་ཚོགས་པའི་འཐུས་མི། དེ་བཞིན་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་འཐུས་མི་ཚོགས་པའི་ཁོངས་མི་བཅས་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཧའེ་ཤིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ངོ་སྤྲོད་བྱས་པ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱད་དེ། ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་དང་འཐབ་ཇུས་གླེང་མོལ་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཕན་ཚུན་སྤེལ་རེས་དང་མིག་ལྟོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་འཇར་དང་ཀྲུང་ཡོའི་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འཇར་མན་ཕྱོགས་ཀྱིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ། འཐབ་ཇུས་གླེང་མོལ་ལམ་སྲོལ་གྱི་ལས་སྟེགས་བརྒྱུད་འཇར་ཀྲུང་དང་ཡོ་ཀྲུང་དབར་གྱི་འབྲེལ་བ་དང་། གནམ་གཤིས་འགྱུར་ལྡོག མི་ཐབས་རིག་ནུས། ས་ཁུལ་གྱི་ཞི་བདེ་བདེ་འཇགས་སོགས་ཁྱབ་རྒྱ་ཆེ་བའི་གྲོས་གཞིར་ཟོལ་མེད་དང་སྒོ་དབྱེའི་གླེང་མོལ་བྱེད་པ་དང་། ཕན་ཚུན་རྒྱུས་མངའ་ཟབ་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།