2025ལོའི་ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གཏོང་ཐེངས་5000ལྷག་ཙམ་ཟིན་པ།

ཟླ་11ཚེས་17ཉིན་གྱི་སྔ་དྲོ། རླངས་འཁོར་གྱི་ལྷུ་ལག་དང་། འོད་ནུས་ཀྱི་ལྷུ་ལག རྒྱལ་སྒྲོལ་དྲ་ཚོང་དངོས་ཟོག་བཅས་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)X9043ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུའི་ཕྱོགས་སུ་བསྐྱོད་པ་རེད། རྒྱལ་ཁབ་ལྕགས་ལམ་ཚོགས་པས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་དང་པོ་ནས་བཅུ་པའི་བར། རིམ་རྩིས་བརྒྱབ་ན་ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གཏོང་ཐེངས་5063ཟིན་པ་དེ་དུས་མཚུངས་ལས་16.3%འཕར་ནས། ལོ་འཁོར་གྱི་ཟླ་དང་པོ་ནས་བཅུ་པའི་བར་མེ་འཁོར་གཏོང་ཚད་5000ཟིན་པའི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཏེ་ལོའི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། འདི་ནི་ཟླ་11ཚེས་17ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)X9043ཤིས་ཨན་རྒྱལ་སྤྱིའི་འབབ་ཚུགས་ནས་ཐོན་བཞིན་པ(མི་མེད་གནམ་གྲུས་བརྒྱབ་པའི་པར)
འབྲེལ་ཡོད་གསར་འགྱུར།