དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ནན་ཅིང་དུ་འཛམ་གླིང་ཧྲི་ཀྲང་གི་སྐད་ཆ་ཤོད་རེས་བྱེད་པའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-21

    ཟླ་11ཚེས་19ཉིན། “ནན་ཅིང་དུ་འཛམ་གླིང་ཧྲི་ཀྲང་གི་སྐད་ཆ་ཤོད་རེས་བྱེད་པའི”བྱེད་སྒོ་ཅང་སུའུ་ནན་ཅིང་དུ་སྤེལ་འགོ་ཚུགས་ཤིང་། པུ་རུ་ནེ་དང་། ཨེ་ཅིབ། འཇར་མན། དབྱི་ཐ་ལི། ཀྲུང་གོ་སོགས་རྒྱལ་ཁབ་10ཡི་གྲོང་ཁྱེར་གྱི་ཧྲི་ཀྲང་དང་དེའི་འཐུས་མི་ཚོགས་འདུར་ཞུགས་ནས་རྒྱལ་ཁབ་ཁག་གི་གྲོང་ཁྱེར་བཅོས་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་འབྱུང་འགྱུར་གྱི་འཕེལ་ཕྱོགས་སྐོར་ལ་གྲོས་བསྡུར་བྱས་ཐོག་གོ་ལ་ཧྲིལ་པོའི་ཆུ་འགྲམ་གྲོང་ཁྱེར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་སྐྱེས་སུ་འབུལ་རྒྱུ་རེད།

    ད་ཐེངས་ཀྱི་བྱེད་སྒོར“དབྱང་ཙེ་གཙང་པོར་རྦ་རླབས་ལང་ལོང་འཕྱུར། ཤེས་དཔལ་ལྡན་པའི་གྲོང་ཁྱེར་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོ་སྤེལ་རིང་། ཚོགས་ཞུགས་སྐུ་མགྲོན་ཚོས“ཆུ་འགྲམ་གྲོང་ཁྱེར་གྱི་གསོན་ཤུགས”དང་། “ཆུ་འགྲམ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང” “ཆུ་འགྲམ་གྱི་སྐྱེ་ཁམས་སླར་གསོ་དང་ལྗང་མདོག་ཕྱོགས་སྒྱུར” “ཆུ་འགྲམ་གྲོང་ཁྱེར་དང་རྩོམ་རིག”བཅས་བརྗོད་དོན་གཙོ་བོ་བཞིར་དམིགས་ནས། ཀྲུང་གོའི་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་འཚོལ་ཞིབ་བྱེད་པ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གྲོང་ཁྱེར་བཅོས་སྐྱོང་གི་སྔོན་ཐོན་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།