དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ལ་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    སྟོན་ཟླ་བཅུ་པར། ས་བབ་སྨི་5000ཡོད་པའི་ནོར་བུ་རོང་རྩྭ་ཐང་ཐོག་འབྲི་གཡག་རྩྭ་ཆུར་རོལ་བ་དང་། འབྲོག་པ་མང་ཚོགས་ཚོའི་སྦྲ་གུར་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འཐིམས་པ་རོང་གྲོང་ཚོར་མངགས་གཏོང་བྱས་པའི་ཁག་བཅུ་བཞི་པའི་གྲོང་སྡོད་ལས་དོན་རུ་ཁག་དང་བཅས་པས་འཚམས་འདྲིའི་དངོས་རྫས་འཁུར་བ་དང་ཟོལ་མེད་བརྩེ་བ་འཆང་བཞིན་ལ་ཀླུང་བརྒལ་ནས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ལ་སྦྱིན་པ་རེད།

    འཐིམས་པ་རོང་གྲོང་ཚོ་ནི་སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་གྲོང་རྡལ་གྱི་ཁོངས་སུ་གཏོགས་ཤིང་། གྲོང་རྡལ་ཡོངས་ཀྱི་འབྲོག་ལས་གྲོང་ཚོ་གཅིག་པུ་དེ་རེད། ལོ་མང་རིང་འབྲོག་པ་མང་ཚོགས་ཚོས་རྩྭ་ཆུ་འཛོམས་སར་སྐྱས་སྤོས་བྱེད་ཀྱིན་རི་ཆུ་དང་འགྲོགས་ནས་འཚོ་བ་སྐྱེལ་གྱི་ཡོད། སྔོན་མ་གྲོང་ཚོ་ནས་ནོར་བུ་རོང་རྩྭ་ར་བར་རྐང་ཐང་མར་ཆུ་ཚོད་7འགོར་བ་མ་ཟད། ལམ་བར་དུ་གཅན་གཟན་སྣ་ཚོགས་འཕྲད་ནས་འཇིགས་སྣང་ཆེན་པོ་ཡོད། ས་རྡོའི་ལམ་བསྐྱར་བཟོ་བྱས་པ་བརྒྱུད། རླངས་འཁོར་རྩྭ་རར་ཐད་ཀར་འབྱོར་ནས་ལམ་ཐག་ཆུ་ཚོད་3བར་ཐུང་དུ་སོང་བ་ལས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    “ལམ་ཤར་གཏོང་ཐུབ་པས་བློ་རྦད་དེ་བདེ་སོང”ཞེས་པའི་ཡུལ་མི་ཞིག་གི་སྐད་ཆ་ལས་ཚང་མའི་བསམ་འདུན་མཚོན་གྱི་ཡོད། བགྲོད་ལམ་ཤར་གཏོང་ཐུབ་པས་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་པ་མ་ཟད། ད་དུང་གྲོང་ཚོའི་འབྲོག་ལས་ཐོན་རྫས་དང་ནགས་ཁྲོད་ཐོན་རྫས་ཕྱིར་ཚོང་བྱེད་པར་མཐུན་རྐྱེན་ཡང་བསྐྲུན་ཐུབ་ནས། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བར་རེ་བ་གསར་པ་སྦྱིན་ཡོད།

    འབྲོག་རར་སྟོན་རླུང་བསིལ་བསིལ་དུ་ལྡང་རུང་ལྕགས་ཐབ་ཀྱི་འགྲམ་དུ་ཚ་སོབ་སོབ་ཡོད་ཅིང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས་དང་རུབ་རུབ་བྱས་ནས་བསྡད་དེ། ཐོན་ལས་འཕེལ་རྒྱས་གཏོང་བ་ནས་ཕྲུ་གུ་སློབ་གྲྭར་གཏོང་བའི་བར་དང་། སྨན་བཅོས་འགན་སྲུང་བྱེད་པ་ནས་དམངས་འཚོ་ལེགས་སུ་གཏོང་བའི་བར་གྱི་སྐོར་མང་པོ་གླེང་། དེ་དང་ཆབས་ཅིག རུ་མི་ཚོས་སྐབས་བརྗེའི་བརྟག་དཔྱད་མཐིལ་རྟོགས་ལས་དོན་ནན་ཏན་ངང་སྤེལ་ཏེ། དུད་ཚང་རེ་རེ་བཞིན་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དང་། གནས་ཚུལ་ངོ་མ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་པ་མ་ཟད། ད་དུང་ཚན་ཁག་གི་འཁོར་རྒྱུག་གནས་ཚུལ་དང་། ལས་བྱེད་པའི་བསམ་ཚུལ། རྗེས་གྲབས་སྟོབས་ཤུགས་གསོག་འཇོག ཏང་ཡོན་དང་མང་ཚོགས་ཀྱི་རེ་འདུན་བཅས“མཐིལ་རྟོགས་བཞི”བྱེད་ཐུབ་པ་བྱས་ནས་སྐབས་བརྗེས་མའི་གྲོང་ཚོ་རིམ་པའི་ཚན་ཁག་ལེགས་འདེམས་ཧྲག་སྒྲུག་བྱེད་པར་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    འགྲོ་ལམ་ཤར་གཏོང་ཐུབ་པ་ནས་ཐོན་ལས་དར་རྒྱས་ཡོང་བའི་བར་དང་། འབྲོག་རར་འཚམས་འདྲི་བྱེད་པ་ནས་སྙིང་གཏམ་ཉན་པའི་བར་དུ། ལས་དོན་རུ་ཁག་གིས་རྩྭ་ཐང་ཡོངས་སུ་འཚམས་འདྲི་མཐིལ་རྟོགས་བྱེད་པར་བསྐྱོད་པ་དང་། བརྩེ་སེམས་ངོ་མ་བཅངས་ནས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ལ་བདེ་སྐྱིད་འཚོ་བ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།