དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཀྲེ་ཅང་དུ་བསྐྱོད་པ།

    རི་སྔོན་ཆུ་དྭངས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པར་ལྟ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཅུན་གོ   |     སྤེལ་དུས།  2025-11-20

    ཉིན་ཤས་གོང་། སར་པི་ཡ་དང་དབྱིན་ཇི་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་19ཡི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་དང་། ཕྱི་འབྲེལ་དཔོན། དེ་བཞིན་འབྲེལ་ཡོད་འཐུས་མི་བཅས་22ཀྱིས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་གདན་ཞུས་ལྟར་ཀྲེ་ཅང་ཧང་ཀྲོའུ་དང་། ཧྲའོ་ཤིང་། ཉིང་པོ་བཅས་ས་གནས་གསུམ་དུ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ཀྱི་འཕེལ་རྒྱས་ལེའུ་གསར་ཉམས་སུ་མྱོང་བར་བསྐྱོད།

    ཇ་རིར་སྒྱུ་རྩལ་གྱི་སྒོ་ར་བསྐྲུན་ནས་རི་གྲོང་ཆུང་ངུ“འབྲི་རས་ཆེན་པོར”གྱུར་ཞིང་། ཧང་ཀྲོའུ་གྲོང་ཁྱེར་ཤིས་ཧུའུ་ཆུས་ཀྲོན་ཐང་ཁྲོམ་གཞུང་ཝེ་ཐུང་ཝུའུ་གྲོང་ཚོ་དེ་རི་གྲོང་རྙིང་པ་ཞིག་ནས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་གྱུར་ཡོད། “དེ་གར་སྲོལ་རྒྱུན་རི་གྲོང་གི་ཉམས་འགྱུར་སོར་འཇོག་ཐོག་དེང་རབས་དང་སྒྱུ་རྩལ་གྱི་ཉམས་སྣང་ཡང་མངོན་བཞིན་འདུག”ཅེས་ཀྲུང་གོར་བཅའ་སྡོད་ཙམ་པབ་ཝེའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཚན་ཙན་ཕན་ཏི་སའེ·མཱ་ཡེ་ལ་ཡིས་བརྗོད།

    ཉིང་པོ་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་ཤཱ་དབྱིང་ཁྲོམ་གཞུང་དབན་ཏི་གྲོང་ཚོས་གྲོང་ཚོ་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་བྱས་པས། ན་ནིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་5000ལས་བརྒལ་བ་ཤེས་སྐབས། ཀྲུང་གོར་བཅའ་སྡོད་ཁོ་ཐེ་ཏི་ཝོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ལུའོ་ལུའུ་ཡིས“དབན་ཏི་གྲོང་ཚོས་རང་བྱུང་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་གྲོང་མིར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་གཏོང་རིང་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་ཀྱང་བསྲུངས་པས། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་ཡོང་རྒྱུ་མཐའ་འཁྱོངས་བྱས་པ་ལས་བྱུང་བའི་གྲུབ་འབྲས་མཐོང་བྱུང”ཞེས་བརྗོད།

    རྒྱལ་ཁབ་ཁག་གི་འཐུས་མིས་ད་དུང་ཧང་ཀྲོའུ་གྲོང་ཁྱེར་གྱི་གྲངས་འཛིན་ཅན་གཉེར་སྐྱོང་བཀོད་འདོམས་ལྟེ་གནས་དང་། ཨ་ལི་པ་པ་ཚོགས་པ། ཅི་ལི་རླངས་འཁོར་བཟོ་གྲྭ ཀྲུང་གོའི་ཡང་བའི་བཟོ་ལས་གྲོང་། ཤིས་ཧུའུ་སློབ་ཆེན་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་བཅས་སུ་བསྐྱོད་ནས་ཀྲེ་ཅང་གི་གྲངས་འཛིན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། སྔོན་ཐོན་བཟོ་སྐྲུན། ཐོན་ལས་གསར་སྒྱུར། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་ཀྱི་སྒུལ་ནུས་ཆེན་པོ་ཉམས་སུ་མྱངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།