དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞིས་རྩེ་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་ཡོང་གཉིས་ཀ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-20

     དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞིས་རྩེ་གྲོང་ཁྱེར་གྱི་ནོར་སྲིད་འཁོར་རྒྱུག་ལ“ཡོང་འབབ་ཀྱི་སྤུས་ཚད་རྒྱུན་མཐུད་རིམ་སྤོར་དང་གཏོང་སྒོའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པའི”རྣམ་པ་བཟང་པོ་མངོན་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཆ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད། ཟླ་དགུ་པའི་ཟླ་མཇུག་བར་གཞིས་རྩེ་གྲོང་ཁྱེར་གྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་36.29ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་23.32%འཕར་ཞིང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་393.74ཟིན་པ་དེ་དུས་མཚུངས་ལས་12.31%འཕར་ཡོད་པ་རེད།

    སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་ཚིགས་རེ་རེ་བཞིན་འཕར་ཡོད། དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར་12.23བྱུང་བ་དེ་དུས་མཚུངས་ལས་33.19%འཕར་ཡོད། དཔལ་འབྱོར་གྱི“ཆར་བརྟག་ཡོ་ཆས”ལྟ་བུ་ཡིན་པའི་རྒྱལ་ནང་གི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཀྱི་ཐོབ་ཁྲལ་དུས་མཚུངས་ལས་16.34%དང་8.82%སོ་སོར་འཕར་བ་དེ་ཐོག་ནས་གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་དཔལ་འབྱོར་སླར་གསོ་བརྟན་པོ་བྱུང་བ་དང་། ཁོངས་གཏོགས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལེགས་སུ་དང་ཁེ་སྤོགས་ཡག་ཏུ་ཕྱིན་ཡོད།

    སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་དུས་མཚུངས་ལས་འཕར་ཡོད། གཏོང་སྒོ་བཀོད་སྒྲིག་བྱེད་པའི་ཐད། གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་གཙོ་གནད་འབུར་ཐོན་བྱས་ཏེ་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་གཏོང་སྒོ་སྔོན་ལ་འགན་སྲུང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།