ཧེ་ལུང་ཅང་གིས་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1.17བསྐྲུན་པ།
གསར་འགོད་པས་ཧེ་ལུང་ཅང་ཞིང་ཨུད་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཧེ་ལུང་ཅང་ཞིང་ཆེན་གྱིས་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་དེ་འབད་བརྩོན་ཁ་ཕྱོགས་སུ་བྱས་ནས་ཞིང་ལས་དར་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ཤིང་། ཚན་རྩལ་ཞིང་ལས་དང་། ལྗང་མདོག་ཞིང་ལས། སྤུས་ཚད་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་ལ་སྤྱི་འདོམས་ངང་འཕེལ་རྒྱས་བཏང་སྟེ། 2024ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1.17བསྐྲུན་པ་རེད།
ཧེ་ལུང་ཅང་ནི་རང་རྒྱལ་གྱི་ཚོང་འབྲུའི་རྟེན་གཞི་གལ་ཆེན་ཞིག་རེད། འདས་ཟིན་པའི་ལོ་5ཡི་རིང་། ཧེ་ལུང་ཅང་ཞིང་ཆེན་གྱི་འབྲུ་རིགས་ཀྱི་ལོའི་ཐོན་འབབ་མཐོ་ཤོས་རྒྱ་མ་དུང་ཕྱུར་1600ཚད་བརྒལ་བྱུང་ནས་སྤྱིའི་ཐོན་ཚད་དང་། ཚོང་ཟོག་སྤྱི་འབོར། གཏོང་འདྲེན་ཐོན་འབོར། གསོག་ཚད་གྲངས་འབོར་བཅས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ས་ཞིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་ཆེད། ཧེ་ལུང་ཅང་ཞིང་ཆེན་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་མང་པོ་སྔ་རྗེས་སུ་བཀྲམ་པ་དང་། “དུས་གཏན་གྱི་གཞི་རྩའི་ས་ཞིང་ཡོངས་ཚད་གཞི་མཐོ་བའི་ས་ཞིང་ལ་རིམ་གྱིས་སྐྲུན་པ”དེ་དམིགས་ཚད་གཙོ་བོར་བྱེད་པ་དང་། ཞིང་ས་དང་། ས་ཆ། ཆུ། ལམ། ནགས། གློག ལག་རྩལ། དོ་དམ་བཅས་རྒྱུ་རྐྱེན་8ལ་དམིགས་པ་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།