དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་ལྔ་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-19

    གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་ལྔ་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་ཅན་ལྟ་བཤེར་ཚོགས་ཆུང་8བཙུགས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་དང་། ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི་དང་། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། ཨན་ཀང་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་པའོ་ཝུའུ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་རྒྱལ་ཁབ་རྡོ་སོལ་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་ཁེ་ལས་5ལ་འཆར་ཅན་ལྟ་བཤེར་བྱ་རྒྱུ་དང་། བཅའ་སྡོད་བྱེད་ཡུན་ཟླ་བ་གཅིག་རེད།

    དེ་དང་ཆབས་ཅིག པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན(གྲོང་ཁྱེར)8ལ་མིས་བཟོས་གཙང་པོ་ཆེན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་བཤེར་བྱ་རྒྱུ་དང་། དེའི་ནང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་ལ་འཆར་ཅན་གྱི་ལྟ་བཤེར་བྱེད་རིང་། མིས་བཟོས་གཙང་པོའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལྟ་བཤེར་གཙོ་གནད་དུ་འཇོག་རྒྱུ་དང་། ཆེད་དོན་ལྟ་བཤེར་ཚོགས་ཆུང་2བཙུགས་ནས་ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་3དང་། ཧྲན་ཏུང་དང་ཧོ་ནན་ཞིང་ཆེན་2ལ་ཁག་བགོས་འགན་འཁུར་རྒྱུ་དང་། བཅའ་སྡོད་བྱེད་ཡུན་གཟའ་འཁོར་གཉིས་ཙམ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།