ལོ་སུམ་ཅུའི་རིང་རྒན་རྒོན་ལ་སྲི་ཞུའི་འོས་འགན་ཡག་པོ་མ་བསྒྲུབས་པས་ཤུལ་འཛིན་དབང་ཆ་ཤོར་བ།
ངག་རྒྱུན་དུ་ཕ་མར་སྲི་ཞུ་སྒྲུབ་མཁན་ནི་ཀུན་གྱི་མཆོག་ཅེས་ཟེར་སྲོལ་ཡོད། གལ་ཏེ་ནར་སོན་པའི་བུ་ཕྲུག་གིས་ཡུན་རིང་ཕ་མར་དཔལ་འབྱོར་གྱི་སྲི་ཞུ་དང་། འཚོ་བའི་ལྟ་སྐྱོང་། སེམས་གསོ་གཏོང་བ་བཅས་ཀྱི་འོས་འགན་གང་ཡང་མ་བསྒྲུབས་ན། ཕ་མའི་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད་དམ། འདི་དང་འདྲ་བའི་གྱོད་དཔེར་བསམ་གཞིག་བྱེད་རིན་ཡོད།
ཀའོ་ཆེ་གེ་མོ་ཅུན་ནི་ཤུལ་འཛིན་བྱ་ཡུལ་ཀའོ་ཆེ་གེ་མོ་ཀྲེན་གྱི་བུ་གཅིག་རང་དེ་ཡིན། ཀའོ་ཆེ་གེ་མོ་ཅུན་1992ལོར་ཁྱིམ་ནས་བྲལ་རྗེས་1998ལོར་ཐོབ་ཐང་ལག་ཁྱེར་གསབ་གཉེར་དགོས་པས་ཕ་ཡུལ་དུ་ཐེངས་གཅིག་ལོག་ཡོང་བ་ཕུད། ལོ་དེ་དག་རིང་ཕ་མ་ཐུག་མྱོང་མེད་པ་དང་། དེས་མ་ཚད་ཁོ་པས་བྱེད་ཐབས་གཞན་དག་བརྒྱུད་ཕ་མ་དང་འབྲེལ་གཏུག་གཏན་ནས་བྱས་མེད་། ཀའོ་ཆེ་གེ་མོ་ཀྲེན་གྱིས་ལོ་མང་རིང་ཀའོ་ཆེ་གེ་མོ་ཅུན་གྱི་འཆི་གསོན་གནས་ཚུལ་གང་ཡང་མ་ཤེས་པའི་འོག 2021ལོར་ཁྲིམས་ཁང་ལ་ཀའོ་ཆེ་གེ་མོ་ཅུན་འཆི་ཟིན་པར་ཁྱབ་བསྒྲགས་བྱེད་རྒྱུའི་རེ་ཞུ་བྱས། གྱོད་གཞི་འདི་སྒྲུབ་གཉེར་དང་རྗེས་མཐུད་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་། ཁྲིམས་ཁང་གིས་ཀའོ་ཆེ་གེ་མོ་ཅུན་ལ་ཀའོ་ཆེ་གེ་མོ་ཀྲེན་གྱི་གཟུགས་པོའི་གནས་ཚུལ་བཤད་པ་མ་ཟད། ཀའོ་ཆེ་གེ་མོ་ཀྲེན་གྱིས་བུ་ཐུག་འདོད་ཀྱི་བསམ་ཚུལ་བརྒྱུད་ཞུ་བྱས་ཀྱང་ཀའོ་ཆེ་གེ་མོ་ཅུན་གྱིས་ཀའོ་ཆེ་གེ་མོ་ཀྲེན་དང་སྔར་བཞིན་འབྲེལ་བ་བྱེད་རྒྱུ་ཁས་བླངས་མེད། ཀའོ་ཆེ་གེ་མོ་ཀྲེན་བཟའ་ཚོ་ནད་ཀྱིས་མནར་སྐབས་ཀའོ་ཆེ་གེ་མོ་ཅུན་གྱིས་ལྟ་རྟོག་བྱས་མེད་ལ་གྲོངས་སྐབས་ཀྱང་རྗེས་འཇུག་སོགས་བྱ་བ་གང་ཡང་སྒྲུབ་མེད།
ཀའོ་ཆེ་གེ་མོ་ཀྲེན་ལ་ཀའོ་ཆེ་གེ་མོ་ཧྲོན་སོགས་གཅེན་གཅུང་མིང་སྲིང་ཡོད། ཀའོ་ཆེ་གེ་མོ་ཀྲེན་སྡོད་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གིས་དཔང་ཡིག་བཏོན་ཏེ་ཀའོ་ཆེ་གེ་མོ་ཧྲོན་གྱིས་ཀའོ་ཆེ་གེ་མོ་ཀྲེན་བཟའ་ཚོར་འཚོ་སྐྱོང་གི་འོས་འགན་གཙོ་བོ་བསྒྲུབས་ཡོད་པ་ར་སྤྲོད་བྱས། ཀའོ་ཆེ་གེ་མོ་ཀྲེན་གྲོངས་རྗེས། ཀའོ་ཆེ་གེ་མོ་ཧྲོན་གྱིས་ཀའོ་ཆེ་གེ་མོ་ཅུན་དང་འབྲེལ་བ་བྱས་ནས་སྤུར་ཐལ་སྦ་བའི་དོན་དག་སྐོར་ལ་འབྲེལ་བ་བྱས་ཀྱང་ཀའོ་ཆེ་གེ་མོ་ཅུན་གྱིས་ཁ་ཡ་གཏན་ནས་བྱས་མེད་ལ། ཁྲིམས་བཀོད་ཀྱི་ཤུལ་འཛིན་པ་གཅིག་པུ་ཡིན་པའི་ངོས་ནས་ཀའོ་ཆེ་གེ་མོ་ཀྲེན་གྱི་མིང་འོག་གི་དངུལ་ཁང་གི་བཅོལ་དངུལ་ཁག་གཅིག་བླངས་པ་རེད།
དེས་ན་ཀའོ་ཆེ་གེ་མོ་ཧྲོན་གྱིས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ཅིང་། ཀའོ་ཆེ་གེ་མོ་ཅུན་གྱིས་ཀའོ་ཆེ་གེ་མོ་ཀྲེན་ལ་སྲི་ཞུ་གང་ཡང་བསྒྲུབས་མེད་པས་ཤུལ་འཛིན་དབང་ཆ་རྩིས་མེད་གཏོང་དགོས་པ་དང་། ཀའོ་ཆེ་གེ་མོ་ཀྲེན་གྱི་ཤུལ་བཞག་རྒྱུ་ནོར་དེ་བང་རིམ་གཉིས་པའི་ཤུལ་འཛིན་མཁན་རང་ཉིད་ལ་ཤུལ་འཛིན་འོས་ཐོབ་ཡོད་པའི་ངོས་འཛིན་བྱས། ཀའོ་ཆེ་གེ་མོ་ཅུན་གྱིས་ཀའོ་ཆེ་གེ་མོ་ཀྲེན་གྱི་དཔལ་འབྱོར་ཐད་གཞན་ལ་བརྟེན་མི་དགོས་པ་དང་གཟུགས་པོ་ཐང་པོ་ཡོད་པས་མི་གཞན་ལ་བརྟེན་ནས་འཚོ་བ་སྐྱེལ་མི་དགོས་པ་དང་། རང་ཉིད་ཕ་མ་དང་འབྲེལ་བ་བྱེད་ཉུང་ཙམ་ཡིན་པ་ལས་ཕ་མར་སྲི་ཞུའི་འོས་འགན་མི་འཁུར་བའི་ཁོངས་སུ་གཏོགས་ཀྱི་མེད་པས་ཀའོ་ཆེ་གེ་མོ་ཀྲེན་གྱི་ཤུལ་བཞག་རྒྱུ་ནོར་ཚང་མ་ཤུལ་འཛིན་བྱེད་ཆོག་པའི་ངོས་འཛིན་བྱས། ཀའོ་ཆེ་གེ་མོ་ཀྲེན་གྱི་གཅེན་གཅུང་མིང་སྲིང་གཞན་དག་ཚང་མས་གཏུག་བཤེར་བྱེད་རིང་ཀའོ་ཆེ་གེ་མོ་ཅུན་གྱི་ཤུལ་འཛིན་དབང་ཆ་དོར་དགོས་པའི་ངོས་འཛིན་བྱས་པ་མ་ཟད། གསལ་བསྒྲགས་ཡི་གེ་བཏོན་ནས་ཀའོ་ཆེ་གེ་མོ་ཀྲེན་གྱི་ཤུལ་བཞག་ཤུལ་འཛིན་གྱི་དབང་ཆ་འདོར་དགོས་ཞེས་བཀོད་ཡོད།
འོ་ན་ཀའོ་ཆེ་གེ་མོ་ཅུན་གྱི་ཤུལ་འཛིན་དབང་ཆ་ཤོར་ཡོད་དམ་ཞེ་ན།
དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར། ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱ་ཡུལ་ལ་གསོ་འགན་མི་འཁུར་ན། ཤུལ་འཛིན་དབང་ཆ་ཤོར་ཡོད་པ་རེད། ཤུལ་འཛིན་བྱ་ཡུལ་འདོར་བ་ཞེས་པ་ནི་ཤུལ་འཛིན་མཁན་གྱིས་ལོ་ན་རྒས་པ་དང་། ནད་ཀྱིས་མནར་བའམ་ཡང་ན་དབང་པོ་སྐྱོན་ཅན། ལོ་ན་ཆུང་བའམ་ཡང་ན་རང་སྐྱ་མི་འཕེར་བའི་ཤུལ་འཛིན་བྱ་ཡུལ་ལ་ཁྲིམས་ལྟར་སྲི་ཞུ་དང་འཚོ་སྐྱོང་སོགས་ཀྱི་འོས་འགན་ཡོད་མོད། འོན་ཀྱང་འོས་འགན་མི་སྒྲུབ་པའི་བྱ་སྤྱོད་ལ་ཟེར།
ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཀའོ་ཆེ་གེ་མོ་ཅུན་གྱིས་ལོ་30ལྷག་ཙམ་རིང་ཤུལ་འཛིན་བྱ་ཡུལ་ལ་དཔལ་འབྱོར་གྱི་རོགས་སྐྱོར་དང་སེམས་གསོ་གང་ཡང་བྱས་མེད། དེའི་རིང་ཤུལ་འཛིན་བྱ་ཡུལ་ནད་ཀྱིས་ཐེངས་མང་མནར་བ་དང་གཤགས་བཅོས་ཆེན་པོ་བྱེད་དུས་ཀའོ་ཆེ་གེ་མོ་ཅུན་གྱིས་བསུ་སྐྱེལ་དང་། ལྟ་རྟོག ལྟ་སྐྱོང་བཅས་བྱེད་དགོས་ངེས་སྐབས་སུའང་ཀའོ་ཆེ་གེ་མོ་ཅུན་གཏན་ནས་སླེབས་མེད་ལ་འཚོ་བའི་ལྟ་སྐྱོང་གི་འོས་འགན་གང་ཡང་བསྒྲུབས་མེད་པ་དང་། ཕ་མ་གྲོངས་རྗེས་ཀའོ་ཆེ་གེ་མོ་ཅུན་གྱིས་ཕ་མའི་རྗེས་འཇུག་གི་འགན་འཁྲི་ཡང་བསྒྲུབས་མེད་པ་རེད།
ཀའོ་ཆེ་གེ་མོ་ཅུན་གྱིས་བཏོན་པའི“ཀའོ་ཆེ་གེ་མོ་ཀྲེན་གྱི་དཔལ་འབྱོར་ཐད་གཞན་ལ་བརྟེན་མི་དགོས་པ་དང་གཟུགས་པོ་ཐང་པོ་ཡོད་པས་མི་གཞན་ལ་བརྟེན་ནས་འཚོ་བ་སྐྱེལ་མི་དགོས་པ་དང་། རང་ཉིད་ཕ་མ་དང་འབྲེལ་བ་བྱེད་ཉུང་ཙམ་ཡིན”ཞེས་པའི་བསམ་འཆར་སྐོར་ལ་ཁྲིམས་ཁང་གིས་རྒན་རྒོན་ལ་སྲི་ཞུ་དང་རོགས་སྐྱོར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པས། བུ་ཕྲུག་ཡིན་ན་ཕ་མས་གསོ་སྐྱོང་བྱས་པའི་བཀའ་དྲིན་སེམས་ལ་འཆང་བཞིན་ཁྲིམས་ལྟར་སྲི་ཞུའི་འོས་འགན་སྒྲུབ་དགོས་པའི་ངོས་འཛིན་བྱས་པ་རེད། ནར་སོན་པའི་བུ་ཕྲུག་གིས་ཕ་མའི་བདག་སྐྱོང་དབང་ཆའི་འབྲེལ་བར་གཞིགས་ནས་ཕ་མར་སྲི་ཞུ་དང་། རོགས་རམ། གཅེས་སྐྱོང་བཅས་ཀྱི་ཁྲིམས་བཀོད་འོས་འགན་སྒྲུབ་པ་ལས་ཕ་མའི་དཔལ་འབྱོར་དང་ལུས་པོའི་གནས་ཚུལ་སོགས་ཕྱི་རོལ་གྱི་རྒྱུ་རྐྱེན་དམིགས་ཡུལ་དུ་བྱེད་རྒྱུ་མེད། མདོར་བསྡུས་ནས་བཤད་ན། ཁྲིམས་ཁང་གིས་ཀའོ་ཆེ་གེ་མོ་ཅུན་གྱི་བྱ་སྤྱོད་དེ་ཤུལ་འཛིན་བྱ་ཡུལ་འདོར་བའི་ཁོངས་སུ་གཏོགས་པས་ཤུལ་འཛིན་དབང་ཆ་ཤོར་བའི་ངོས་འཛིན་བྱས་པ་མ་ཟད། དེར་གཞིགས་ནས་ཁྲིམས་ལྟར་ཁྲུན་ཐག་བཅད་པ་རེད།
འབྲེལ་ཡོད་གསར་འགྱུར།