“སྟོན་དུས་ནས་འགོ་རྩོམ”ཞེས་པའི་སློབ་གྲྭའི་ལས་བསྡུའི་འདུ་ཚོགས་སི་ཁྲོན་དུ་འཚོགས་པ།
སློབ་གསོ་པུའི“སྟོན་དུས་ནས་འགོ་རྩོམ”ཞེས་པའི་སློབ་གྲྭའི་ལས་བསྡུའི་འདུ་ཚོགས་དང་སི་ཁྲོན་ཞིང་ཆེན་གྱི་2026ལོའི་མཐོ་སློབ་སློབ་ཐོན་སློབ་མའི་སྟོན་དུས་ཀྱི་ལས་བསྡུའི་འདུ་ཚོགས་ཆེ་གྲས་སི་ཁྲོན་དབྱི་པིན་དུ་འཚོགས་པ་རེད། ད་ཐེངས་ཀྱི་ལས་བསྡུའི་བྱེད་སྒོར་ཁེ་ལས་དང་བྱ་གཞག་ཚན་པ་ལེགས་གྲས་ཁག་550ལྷག་ཙམ་གྱིས་དྲ་ཕྱིར་འགྲེམས་སྟེགས་བཙུགས་ཤིང་། མི་སྤྱོད་ཚན་པ་ཁག་370ལྷག་ཙམ་གྱིས“རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས”དང“ཁྲོན་eལས་ཞུགས—སི་ཁྲོན་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས”སུ་དྲ་ཐོག་གི་ལས་བསྡུའི་བྱེད་སྒོའི་ཆེད་སྒྲིག་ཁུལ་བཙུགས་ཏེ་དུས་གཅིག་ཏུ་ཤེས་ལྡན་པ་བསྡུ་བཞིན་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ལས་གནས་ཁྲི་2ལྷག་ཙམ་ཁྱབ་བསྒྲགས་བྱས་པར་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1.2ལྷག་ཙམ་གྱི་ལས་འཚོལ་ཡིད་དབང་བཀུག་པ་དང་། དྲ་ཐོག་ཏུ་ཞུགས་མཁན་མི་ཁྲི་8ལྷག་ཙམ་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།