དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་གསུམ་པའི་དུས་མཇུག་ཏུ་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་12.1%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-19

    དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དུས་ཚིགས་གསུམ་པའི་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་ལྟ་འདོམས་དམིགས་ཚད་གཙོ་བོའི་གྲངས་གཞིའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། དུས་ཚིགས་གསུམ་པའི་དུས་མཇུག་ཏུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་36.5ཟིན་ནས་དུས་མཚུངས་ལས་12.1%འཕར་ཡོད། ཀུན་ཕན་ཞིང་ལས་དང་འབྲེལ་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་14.1ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་ཁྲི་1.2འཕར་ཡོད་པ་རེད།

    དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་མ་རྩའི་བསྡོམས་འབོར་འཕར་བ་རྒྱུན་འཁྱོངས་ཐུབ་ཅིང་། དུས་ཚིགས་གསུམ་པའི་དུས་མཇུག་ཏུ་རང་རྒྱལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་རང་དངུལ་དང་ཕྱི་དངུལ་གྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་474.3ཟིན་ནས་དུས་མཚུངས་ལས་7.9%འཕར་ཡོད།

    ཚོང་ལས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་མ་རྩའི་སྤུས་ཚད་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་མ་ཟད། ཉེན་ཁ་གསབ་པའི་ནུས་པ་ཧྲིལ་པོ་ལྡན་ཡོད་པ་རེད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཚོང་ལས་དངུལ་ཁང་གིས་རིམ་རྩིས་བརྒྱབ་ན་ཁེ་གཙང་སྒོར་དུང་ཕྱུར་ཁྲི་1.9ཟིན་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར། འགན་བཅོལ་ཀུང་སིའི་སྔ་མའི་འགན་བཅོལ་གྱི་འགན་བཅོལ་ཞུ་གྲོན་ཡོང་འབབ་སྒོར་དུང་ཕྱུར་ཁྲི་5.2ཟིན་ནས་དུས་མཚུངས་ལས་8.5%འཕར་བ། ཁ་གསབ་དངུལ་དང་གཏོང་སྤྲོད་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་1.9ཟིན་ནས་དུས་མཚུངས་ལས་7.6%འཕར་བ། འགན་འཛིན་གསར་འཕར་བྱེད་ཚད་དུང་ཕྱུར་846ཟིན་ནས་དུས་མཚུངས་ལས་7.9%འཕར་བ་དང་། འགན་བཅོལ་ལས་རིགས་ཀྱི་འཇལ་སྤྲོད་བྱེད་པའི་ནུས་པ་བརྟན་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།