དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས།

    ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་བསྐྲུན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-19

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཏང་ཡོན་དང་བླངས་པ་290སྒྲིག་འཛུགས་བྱས་ནས་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་བསྐྱོད་དེ་དངོས་ཟོག་དབོར་འདྲེན་དང་། ལས་ཡུལ་གཙང་སེལ། ཨར་ལས་ལ་མཐུན་སྦྱོར་སོགས་ཀྱི་དང་བླངས་ཞབས་འདེགས་ཧུར་ཐག་ཞུས་ནས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་ལས་དོན་ལས་ཕྱོད་ཆེན་པོས་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    དང་བླངས་ཞབས་ཞུ་རུ་ཁག་གིས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་གྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས “དབོར་སྐྱེལ་བ”དང“མཐུན་སྦྱོར་བ”བྱས་ནས་འཛུགས་སྐྲུན་རྒྱུ་ཆ་སྤུངས་ས་དང་ཨར་ལས་བྱ་ཡུལ་དབར་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་ལྕགས་རྩིབས་དང་། ཨར་འདམ། པང་ལེབ་སོགས་ཀྱི་འཛུགས་སྐྲུན་རྒྱུ་ཆ་ཕྲག་ཏུ་འཁུར་བ་དང་ལག་པས་དབོར་བ་སོགས་བྱས་ནསདུས་ཐོག་ཏུ་དམིགས་སར་འབྱོར་བའི་འགན་ལེན་བྱས་ཡོད། དེ་དང་དུས་མཚུངས་སུ་བླངས་པས་ཨར་ལས་དཔུང་ཁག་དང་གནོད་འཚེ་ཕོག་པའི་མང་ཚོགས་དབར་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་བསྐྱར་སྐྲུན་གྱི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་དང་། དོན་དངོས་ཀྱི་དཀའ་ངལ་མཐུན་སྦྱོར་དང་ཐག་གཅོད་བྱེད་རོགས་སོགས་བསྐྱར་སྐྲུན་བྱ་ཡུལ་དུ་ལས་བྲེལ་ཆེ་ལ་གོ་རིམ་ལྡན་པ་ཞིག་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་6ཉིན་ནས་བཟུང་། ཏང་ཡོན་དང་བླངས་ཞབས་ཞུ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་གི་བསྐྱར་སྐྲུན་བྱ་ཡུལ་དུ་ཁྱབ་ཡོད། གོམ་སྟབས་རྗེས་མར་དང་བླངས་ཞབས་ཞུ་རུ་ཁག་གིས་བསྐྱར་སྐྲུན་འཕེལ་རིམ་འགུལ་རྣམ་ལེགས་སྒྲིག་བྱེད་པའི་ལས་དོན་གྱི་ནང་དོན་གཞིར་བཟུང་། མང་ཚོགས་ལ་ཁང་པ་གསར་པ་དབང་བའི་ཕུགས་འདུན་མངོན་འགྱུར་ཡོང་བར་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།