དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱི“རྒན་གསོའི་དངུལ་རྩའི་ཞབས་ཞུའི”དཔེ་སྟོན་དྲ་ཚིགས་ཐོག་མ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-19

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་བཅོལ་དང་། དངུལ་བུན། དངུལ་དོན་དོ་དམ་སོགས་ཁྱབ་ཁོངས་མང་པོ་སྡུད་པའི་རྒན་གསོའི་དངུལ་རྩའི་ཞབས་ཞུའི་ལས་སྟེགས་ཐོག་མ་སྟེ། “རྒན་གསོའི་དངུལ་རྩའི་ཞབས་ཞུའི”དཔེ་སྟོན་དྲ་ཚིགས་དངོས་སུ་སྒོ་བྱང་བཀལ་ཏེ་བཙུགས་པ་དེ་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་སྒྲིག་གཞིས་རྒན་གསོའི་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་ཞིག་སྤོས་པ་མཚོན་ཡོད།

    “རྒན་གསོའི་དངུལ་རྩའི་ཞབས་ཞུའི”དཔེ་སྟོན་དྲ་ཚིགས་དེ་ཀྲུང་གོ་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་མྱང་ཆུ་ཡན་ལག་དངུལ་ཁང་དུ་ཡོད་པ་དང་། དེ་ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་མཛུབ་སྟོན་དང་སྐུལ་འདེད་འོག་བཙུགས་པ་ཞིག་རེད། དེའི་ནང་ཁུལ་དུ“ཁོར་ཡུག་རྒན་འཕྲོད་དང་། ཚན་རྩལ་རྒན་རོགས། ཐོན་རྫས་རྒན་ཕན། ཞབས་ཞུ་རྒན་དྲོད”བཅས་ལ་དམིགས་ནས་རྒན་གསོའི་དངུལ་རྩའི་ཞབས་ཞུའི་ཆེད་ཁུལ་བཙུགས་པ་དང་། རྒན་རྒོན་ལ་ཞབས་ཞུ་སྒྲུབ་མཁན་ཆེད་དོན་མི་སྣ་བཀོད་སྒྲིག་བྱས་པ། རྒན་འཚམ་་རྐུབ་སྟེགས་དང་། རྒན་སྤྱོད་ཆེ་ཤེལ། འགུལ་རྣམ་ལག་སྐྱོར། མྱུར་སྐྱོབ་སྨན་སྒམ་སོགས་རྨང་གཞིའི་རྒན་འཕྲོད་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ལག་ཐོགས་ཁ་པར་གྱིAPPདང་། སྒྲོམ་སྟེགས། ATMབཅས་ལ་ཡི་གེ་ཆེ་རུ་གཏོང་བ་དང་བོད་ཡིག་སོགས་ཀྱི་བྱེད་ནུས་ལྡན་པ་དེ་ལས། རྒན་རྒོན་ཚོང་འགྲུལ་རྣམས་ལ“གཅིག་འཐུས་རྣམ་པའི”དངུལ་རྩའི་ཞབས་ཞུ་མཁོ་འདོན་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།