གོ་ལ་ཧྲིལ་པོར་སྤྱོད་བཞིན་པའི་ས་བབ་མཐོ་ཤོས་དང་རང་ལྗོངས་ཀྱི་འཕྲུལ་ཚན་རྐྱང་པ་ནས་གློག་འདོན་ཚད་མཐོ་ཤོས།
ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ།
ཚེས་17ཉིན། རླུང་གློག་འཕྲུལ་འཁོར་གནས་ཡུལ་གྱི་ས་བབ་མཐོ་ཤོས་སྨི་5370ཟིན་པའི་ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་གློག་དྲ་སྦྲེལ་ནས་གློག་དངོས་སུ་གཏོང་འགོ་ཚུགས་ཡོད། རྣམ་གྲངས་དེ་ནི་རང་ལྗོངས་ཀྱི་འཕྲུལ་ཚན་རྐྱང་པ་ནས་གློག་འདོན་ཚད་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཤིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོར་སྤྱོད་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཤིག་ཀྱང་རེད།
ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གྲོང་བདུན་གྲོང་ཚོར་གནས་པ་དང་། སྤྱིའི་སྒྲིག་སྦྱོར་འཕྲུལ་ཚན་ལ་60MWཟིན་པ་དང་། འཕྲུལ་ཚན་11ལ་5.0MWདང་འཕྲུལ་ཚན་1ལ་6.25MWཟིན་པའི་རླུང་གློག་འཕྲུལ་ཚན་སྒྲིག་སྦྱོར་བྱས་པ་མ་ཟད། 12MW/48MWhདྲ་བའི་གསོག་ནུས་རྣམ་པའི་མ་ལག་དུས་གཅིག་ལ་ལེ་ལག་ཚང་སྒྲིག་བྱུང་ཡོད། རྣམ་གྲངས་དེ་སྤྱོད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོ་རེར་ནུས་རྒྱུ་གཙང་མའི་གློག་གིས་དུད་ཚང་ཁྲི་12ཀྱི་གློག་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པས། ལོར་ཆ་སྙོམས་ཐཱན་གཉིས་དབྱང་འགྱུར་འབུད་ཚད་ཏུན་ཁྲི་12.87ཉུང་དུ་གཏོང་བ་དང་ཧ་ལམ་མཚུངས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།