རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་སྣེ་འདྲེན་ཁེ་ལས་ཁྲི་1.76ལྷག་ཙམ་སྐྱེད་སྲིང་བྱས་པ།
གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་ཚན་རྩལ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་60ལྷག་ཙམ་སྐྱེད་སྲིང་བྱས་ཤིང་། དེའི་ཁྲོད་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་ཁྲི་14ལྷག་ཙམ་ཟིན་པ་དང་། རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་སྣེ་འདྲེན་ཁེ་ལས་ཁྲི་1.76ལྷག་ཙམ་ཟིན་ཡོད་པ་རེད།
གཞི་ཁྱོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་ཁྲི་6000ལྷག་ཙམ་ཟིན་ཡོད་པ་རེད།
འཕེལ་རྒྱས་ཀྱི་སྤུས་ནུས་ཆེ་རུ་བརྟན་པོ་ཕྱིན་ཞིང་། 2024ལོར། ཁེ་ལས་འབྲིང་ཆུང་གི་ནུས་ཆེའི་གསར་གཏོད་ཆེད་ཁེའི་ཁྲོད་རང་ཚུགས་ཞིབ་འཇུག་གསར་སྤེལ་བྱས་པའི་བསྡུར་ཚད་ཀྱིས་75.3%བཟུང་ཡོད་པ་རེད།
ཆེད་ཞིབ་ཁྱད་གསར་བཞི་འཕེལ་རྒྱས་བརྟན་པོ་བྱུང་ཞིང་། སྣེ་འདྲེན་ཁེ་ལས་ཀྱིས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་གྱི་3.5%བཟུང་ནས་9.6%གི་གཉེར་སྐྱོང་ཡོང་འབབ་དང་13.7%གྱི་ཁེ་སྤོགས་ལེགས་སྐྱེས་ཕུལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།