དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གྲྭ་གཅིག་གིས་ཡུལ་ཕྱོགས་གསུམ་གྱི་ལས་འཕྲོ་བསྐྱངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2025-11-18

    འདི་ནི་སློབ་མ་ཚོས་སློབ་ཚན་ཉན་བཞིན་པ།

    འདི་ནི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་སློབ་མ་ཚོས་ལན་ཆིའུ་སྤོ་ལོ་རྒྱག་བཞིན་པ།

    འདི་ནི་སློབ་མ་ཚོས་ཟ་ཁང་དུ་གུང་ཟས་ཟ་བཞིན་པ།

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་སུ་གནས་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི་ཉིན་གང་ལམ་ལུགས་དང་ཞག་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་འབྲིང་ཞིག་རེད། 2017ལོ་ནས་བཟུང་། ས་མཐོའི་འབྲོག་ཁུལ་གྱི་ཕྲུ་གུ་ཚོས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྔར་བས་ལོངས་སྤྱོད་ཐུབ་པར་བྱ་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་བཟང་པོར་བརྟེན་ནས་ཟི་ལིང་དུ་སློབ་གྲྭ་དེ་བཙུགས་པ་རེད།

    སློབ་གྲྭ་གཅིག་གིས་ཧྲང་ཧའེ་དང་། ཟི་ལིང་། མགོ་ལོག་གསུམ་གྱི་ལས་འཕྲོ་བསྐྱངས་ཤིང་། 2019ལོར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དངོས་སུ་བཙུགས་པ་རེད། མིག་སྔར། སློབ་གྲྭར་སློབ་མ་800ལྷག་ཡོད་པ་དང་70%ནི་མགོ་ལོག་ཀྲོའུ་ཡི་འབྲོག་ཁུལ་ནས་རེད།

    ཧྲང་ཧའེ་ཡིས“ཚོགས་སྒྲིག་རྣམ་པའི”མཚོ་སྐྱོར་ཚོགས་པ་མངགས་ཏེ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལ་རོགས་སྐྱོར་བྱས་ཤིང་། དགེ་རྒན་གྱི་གསོ་སྦྱོང་དང་ཕྱོགས་གཉིས་ཀྱི་སློབ་དཔྱོད་བརྒྱུད་དགེ་རྒན་གྱི་སློབ་ཁྲིད་ནུས་པ་དང་ཆུ་ཚད་ཇེ་མཐོར་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།