དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧང་ཀྲོའུ་མཚོ་ཁུག་མཚོ་བརྒལ་ལྕགས་ཟམ་གྱི་ཟམ་གདན་འདིང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-18

    ཟླ་11ཚེས་15ཉིན། ཀྲེ་ཅང་ཧང་ཀྲོའུ་མཚོ་ཁུག་ཧའེ་ཡན་རྒྱུད་ཀྱི་མཚོ་འགྲམ་སྤྱི་ལེ་0.4ཙམ་གྱི་མཚོ་ངོས་སུ་ལྗིད་ཚད་ལ་ཏུན་626ཡོད་པའི་ཟམ་གདན་ཞིག་ལྗིད་འདེགས་གྲུ་གཟིངས་ཀྱིས་སྒྲིག་སྦྱོར་བྱས་པ་བརྒྱུད། གནད་ལ་འཁེལ་བའི་ངང་ཟམ་གདན་གཙོ་བོ་ཨང་བརྒྱད་པ་དང་མཐུད་པ་དེ་ཐོག་ནས་ཧང་ཀྲོའུ་མཚོ་ཁུག་མཚོ་བརྒལ་ལྕགས་ཟམ་གྱི་གྲུ་ལམ་བྱང་མའི་ཟམ་གདན་བཏིང་ནས་ཟམ་སྟེང་གི་ཨར་སྐྲུན་དུས་མཚམས་སུ་དངོས་སུ་སླེབས་པར་མཚོན་ཡོད་། ཧང་ཀྲོའུ་མཚོ་ཁུག་མཚོ་བརྒལ་ལྕགས་ཟམ་ནི་ཅང་སུའུ་ནན་ཐུང་ནས་ཀྲེ་ཅང་ཉིང་པོའོ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་29.2ཡོད། འདི་ནི་ཧང་ཀྲོའུ་མཚོ་ཁུག་མཚོ་བརྒལ་ལྕགས་ཟམ་གྱི་གྲུ་ལམ་བྱང་མའི་ཟམ་གདན་འདིང་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།