རང་རྒྱལ་གྱི་མི་འབོར་སྟོང་རེར་ཕྲུ་གུ་བཅོལ་གསོ་བྱེད་ཚད་4.73ཟིན་པ།
ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་མི་འབོར་དང་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་པ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རང་རྒྱལ་གྱི་མི་འབོར་སྟོང་རེར་ལོ་3མན་གྱི་ཕྲུ་གུ་བཅོལ་གསོ་བྱེད་ཚད་4.73ཟིན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཏོན་པའི་2025ལོའི་མི་འབོར་སྟོང་རེར་ཕྲུ་གུ་བཅོལ་གསོ་བྱེད་ཚད་4.5ཟིན་པ་བྱ་རྒྱུའི་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་ཟིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་བཅོལ་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མིག་སྔར་བཅོལ་གསོ་ཞབས་ཞུའི་སྒྲིག་གཞི་ཁྱོན་བསྡོམས་ཁྲི་12.6ཡོད་པ་དང་བཅོལ་གསོ་བྱ་ཡུལ་མཁོ་འདོན་བྱས་པའི་བསྡོམས་འབོར་ཁྲི་665.7ཟིན་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། ཞབས་ཞུའི་རྒྱབ་སྐྱོར་ཐད། བུ་བཙའི་ན་ཟུག་འཇགས་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མ་བུའི་བདེ་འཇགས་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་བྱིས་ནད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། དཔལ་འབྱོར་རྒྱབ་སྐྱོར་ཐད། བྱིས་གསོའི་ཁ་གསབ་ལམ་ལུགས་བཙུགས་པ་དང་ལག་ལེན་བསྟར་ཞིང་། མིག་སྔར་ཁ་གསབ་རེ་ཞུ་བྱེད་མཁན་ཁྲི་3170ལྷག་ཙམ་ཡོད་པ་དང་ས་གནས་ཁག་གིས་2025ལོའི་ཟླ་11པའི་ཟླ་དཀྱིལ་ནས་བྱིས་གསོའི་ཁ་གསབ་གཅིག་རྗེས་གཉིས་མཐུད་ངང་སྤྲོད་འགོ་ཚུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།