དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མལ་གྲོ་གུང་དཀར་རྫོང་གིས་སྟོན་དུས་སུ་ཕྱུགས་རིགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱིས“རིམས་ནད་སྔོན་འགོག་དང་སྲོག་ཆགས་ཀྱི་རིམས་འགོག་གཉིས་ཀར་དམ་འཛིན་དང་འཐུས་ཤོར་མི་འགྲོ་བའི”རྩ་དོན་མཐའ་འཁྱོངས་ཀྱིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་སྟོན་དུས་ཕྱུགས་རིགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་རིམས་འགོག་ལ་བརྟེན་ནས་ས་གནས་དེ་གའི་འབྲོག་ལས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱས་པ་རེད།

    རིམས་འགོག་སྨན་ཁབ་རྒྱག་ཡུལ་དུ་རིམས་འགོག་མི་སྣས་ཕྱུགས་རིགས་ཀྱི་ཆ་འཕྲིན་ཞིབ་བསྡུར་ཞིབ་ཕྲ་བྱས་པ་དང་། རིམས་འགོག་སྨན་ཁབ་ཀྱི་རིགས་དང་སྨན་ཁབ་རྒྱག་པའི་དུས་ཚོད་ཐོ་འགོད་བྱས་ཏེ། རིམས་འགོག་སྨན་ཁབ་རྒྱག་དགོས་པའི་ཕྱུགས་རིགས་ཚང་མར་རིམས་འགོག་སྨན་ཁབ་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྟོན་དུས་སུ་ཕྱུགས་རིགས་ལ་རིམས་འགོག་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་དེ་དུས་འགོར་དྲིལ་བསྒྲགས་དང་། དུས་དཀྱིལ་དུ་ཚད་ལྡན་སྨན་ཁབ་རྒྱག་པ། དུས་མཇུག་ཏུ་རྗེས་འདེད་ལྟ་ཞིབ་ཚད་ལེན་བཅས་ཀྱི་བརྒྱུད་རིམ་ཡོངས་ལ་དོ་དམ་བྱས་པ་བརྒྱུད། རིམས་འགོག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས“ནང་ཁུལ་དུ་རིམས་ནད་མི་ཐོན་པ་དང་ཕྱི་རོལ་གྱི་རིམས་ནད་མི་ཁྱབ་པ”བྱས་ཏེ། རིམས་ནད་མཆེད་པའི་ཉེན་ཁ་ཚོད་འཛིན་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།