དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁྲོམ་ར་ལྟ་འདོམས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁྲོམ་ར་ལྟ་འདོམས་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཚོང་གཉེར་བྱེད་པོ་སྣ་ཚོགས་ཁྲི་20.75ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    འདི་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་བྱེད་པོའི་བསྡོམས་འབོར་ཁྲི་20.75ཟིན་པ་དེས་ལྗོངས་ཡོངས་ཀྱི་34.6%བཟུང་བ་དང་། ཚོང་གཉེར་བྱེད་པོ་ཁྲི་2.35མང་དུ་ཕྱིན་པའི་ཁྲོད་ཁེ་ལས་6117དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་1.73ཟིན་ནས་ཁྲོམ་རའི་གསོན་ཤུགས་མུ་མཐུད་འཕེལ་ཡོད། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཟླ་བ་དང་པོ་ནས་གསུམ་པའི་བར། ལྷ་སར་གོ་ཆོད་ཀྱི་ཚོང་རྟགས་ཐོ་འགོད་བྱེད་ཚད་7631འཕར་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་གོ་ཆོད་ཀྱི་ཚོང་རྟགས་ཐོ་འགོད་བྱེད་ཚད་རིམ་རྩིས་བརྒྱབ་ན44534ཟིན་པ་དེས་ལྗོངས་ཡོངས་ཀྱི་61.45%བཟུང་ཡོད། འདམ་གཞུང་གི་ནོར”ལྗོངས་ཡོངས་ཀྱི་ས་ཁོངས་སྤྱི་པའི་སྤུས་རྟགས་ཀྱི་དཔེ་མཚོན་དུ་བདམས་པ་དང་། “གཟི་སྦུག་གི་ནོར་གཡག”དང“ལྷ་སའི་བྱ་དེ་དཀར་པོ”ལ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་ཆོག་མཆན་ཐོབ་ཡོད།

    བདེ་འཇགས་ཀྱི་འཛིང་རགས་བརྟན་པོ་ཡོང་བ་དང་བརྟན་པོ་བསྲུངས་ཏེ་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་སུ་བྱེད་སྒོ་གལ་ཆེན་ཐེངས་20སྤེལ་བ་དང་། བཟའ་བཅར་བརྟག་དཔྱད་མྱུར་པོ་བྱས་པར་ཚད་ལོན་ཚད་99.6%ཟིན་པ། སློབ་གྲྭའི་བཟའ་བཅའ་དང“ཡིབ་འཚོང་ཉོ་སྐྱེལ”སོགས་བཅོས་སྒྲིག་བྱས་ནས་གྱོད་གཞི་86གྱོད་ཁོངས་སུ་བཅུག་ཡོད། སྨན་རྫས་དང་བྱུག་རྫས་བདེ་འཇགས་སྐོར་གྱི་ཆེད་དོན་བཅོས་སྒྲིག་བྱས་པར་ཁྲིམས་འགལ་གྱོད་གཞི་13གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་གཟུགས་པོར་མི་འཕྲོད་པའི་རིགས་ཀྱི་སྙན་སེང་942བསྡུས་ཡོད། གཙོ་གནད་ཐོན་རྫས་ལ་འཐེན་བཤེར་བྱས་པར་ཚད་ལོན་ཚད་88.8%ཟིན་ནས་རིན་ཐང་སྒོར་ཁྲི་183རི་བའི་དབང་གནོད་ཚོང་ཟོག་རྫུན་མ་གཅིག་སྡུད་ཐོག་མེད་པར་བཟོས་ཡོད།

    དེ་དང་ཆབས་ཅིག་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ཞིང་། “རིག་ནུས་ཅན་གྱི་ཞིབ་བཤེར་མ་ལག”བརྒྱུད། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་246ཚད་ལྡན་དུ་བཏང་ནས་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཡིད་རྟོན་དངུལ་སྒོར་དུང་ཕྱུར་25.58སྤྲད་ཡོད། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ལམ་ཤར་བགྲོད་བྱུང་ནས་ཕན་འབྲས་ཐོན་ཞིང་། “12315”ལས་སྟེགས་ཀྱིས་གྱོད་གཞི་9511བདག་སྤྲོད་དང་། ཐེར་འདོན། ཞུ་གཏུག་བཅས་བྱས་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་93.6མི་ཕོག་པ་བྱུང་བ་དང་ཁྲིམས་འགལ་གྱི་གྱོད་གཞི་སྣ་ཚོགས་510ཐག་གཅོད་བྱས་པ་དང་ཉེས་ཆད་སྒོར་ཁྲི་104.5བཅད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།