དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་རྒྱང་བསྒྲགས་སྡེ་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

    གསལ་འགྲེལ་དམངས་དང་ཉེ་བཅར་བྱས། དགོངས་དོན་བློ་ལ་བརྟན་པོར་འཇགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-18

    དགུན་དུས་ཀྱི་ལྷ་སར་ཉི་འོད་རབ་ཏུ་འཕྲོ། ཁྲེན་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་རྒྱང་བསྒྲགས་སྡེ་ཁུལ་གྱི་ཚོགས་ཁང་ནང་དུ་ཉི་མ་ཤིན་ཏུ་དྲོ་ཞིང་། ཁོངས་གཏོགས་ཁུལ་གྱི་གྲོང་མི་དང་། མཉམ་སྐྲུན་ཚན་པའི་འཐུས་མི། སྡེ་ཁུལ་གྱི་ལས་དོན་པ་བཅས་མི་གྲངས་30ལྷག་ཙམ་གྱིས་མཉམ་དུ་འཛོམས་ནས་འཆད་ཁྲིད་སྟེགས་བུར་བལྟས་ནས་བསྡད་ཅིང་། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་ལག་ཏུ་ཡོད་པའི་དེབ་ནང་གི་ནང་དོན་མང་པོ་སྒྲོག་འགྲེལ་བྱས་རུང་ཁ་གཡེང་མིག་གཡེང་བྱེད་མཁན་གཅིག་ཀྱང་མེད་པར་ཚང་མས་ནན་ཏན་ངང་ཉན་པ་རེད།

    “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ང་ཚོ་ཚང་མ་དང་འབྲེལ་བ་ཆེན་པོ་ཡོད”ཅེས་སྒྲོག་འགྲེལ་པས་བརྗོད་མ་ཐག་འཆད་སྟེགས་འོག་ཏུ་ཡོད་པའི་ཚང་མས་མགོ་བོ་ལྕོག་ལྕོག་བྱས།

    གཞི་རིམ་ལ་ཕྱོགས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་འདི་ནི་ཡིག་ཆ་དང་གཞུང་ལུགས་སྒྲོག་སྦྱངས་བྱས་པ་ཙམ་མིན་པར། འཚོ་བ་དང་ཉེ་བཅར་ཆེ་བའི་གསལ་འགྲེལ་དང་སྙིང་གཏམ་ཤོད་རེས་རྣམ་པའི་སྤེལ་རེས་ཤིག་རེད། སྒྲོག་འགྲེལ་པས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་དམིགས་ཚད་ནས་སྡེ་ཁུལ་གྱི་རྒན་གསོ་དང་བུ་བཅོལ་སྐོར་གྱི་འཆར་འགོད་བར་གླེང་བ་མ་ཟད།“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ནས་ཁྱིམ་མཚེས་ཀྱི་རྩོད་གཞི་སེལ་ཐབས་དང་སྡོད་སའི་ཁོར་ཡུག་ལེགས་གཏོང་བར་ཞིབ་པར་གླེང་ཞིང་། དོན་ཚན་རེ་བརྗོད་པར་སྡེ་ཁུལ་གྱི་གྲོང་མིས་མིག་མཐོང་ལག་ཟིན་ཐུབ་པའི་དཔེ་མཚོན་རེ་སྦྱར་ཡོད།

    “ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ང་ཚོ་དང་བར་ཐག་ཉེ་པོ་དེ་འདྲ་འདུག”ཅེས་སྡེ་ཁུལ་གྱི་གྲོང་མི་བདེ་སྐྱིད་ཀྱིས་ཆིག་ལབ་བརྒྱབ། ཁོང་ནི་གདན་ཞུས་ལྟར་ཡོང་བ་ཞིག་ཡིན་ཞིང་། བསམ་ཡུལ་ལས་འདས་པར་གོ་བ་ཚང་མ་ནི་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་ཤ་སྟག་ཡིན་པ་སྟེ། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་དང་བྱིས་པའི་བྱེད་སྒོ་སྤེལ་ཡུལ་གསར་པ་བསྐྲུན་རྒྱུ་ཡིན་པ་ལ་སོགས་ཐོས་རྗེས་ཁོ་མོ་དེ་བས་བློ་བདེ་པོ་བྱུང་།

    སྒྲོག་འགྲེལ་བྱེད་རིང་། ཆེད་ལས་ཀྱི་ཐ་སྙད་མང་དག་ཅིག་གོ་བདེ་ཤེས་སླའི་སྐད་ཆར་གྱུར་པ་དང་སྤྱི་ཁོག་སྲིད་ཇུས་མང་དག་ཅིག་མིག་མཐོང་ལག་ཟིན་གྱི་ཉེ་འགྲམ་གྱི་བྱ་བར་གྱུར་ཡོད།

    སྒྲོག་འགྲེལ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བྱ་རྩིས་ཡོད་པ་དེ་ཚང་མས་འཚང་ཁ་ཤིག་ཤིག་ངང་དྲི་བ་བཏོན་པས། སྐར་མ་40ཙམ་ནར་འགྱངས་བྱེད་དགོས་བྱུང་ཞིང་། དེའི་རིང་མི་ལ་ལས་སྡེ་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དུས་ཚོད་རེའུ་མིག་སྐོར་ཞིབ་ཕྲ་དྲིས་པ་དང་། ལ་ལས་སྤེལ་ཉེར་ཡོད་པའི་དང་བླངས་པའི་ཞབས་ཞུའི་ནང་ཇི་ལྟར་ཞུགས་རྒྱུའི་སྐོར་དྲིས་པ། ལ་ལས་ད་དུང་སྡེ་ཁུལ་གྱི་རླངས་འཁོར་འཇོག་གནས་དོ་དམ་དང་སྤྱི་པའི་བར་མཐོངས་བེད་སྤྱོད་སོགས་ཀྱི་ཐད་གྲོས་འགོ་ཡང་བཏོན་པ་རེད།

    རྒྱང་བསྒྲགས་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས། “གོམ་སྟབས་རྗེས་མར་ང་ཚོས་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་དང་ཚན་པར་སྒྲོག་འགྲེལ་བྱ་རྒྱུ་ཡིན། དེ་བས་གལ་ཆེ་བ་ཞིག་ལ་ང་ཚོས‘རྒན་གཅིག་གཞོན་གཅིག’ལ་ཞབས་འདེགས་ཞུ་རྒྱུ་དང་སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་བྱ་བཟང་ཏན་ཏིག་བསྒྲུབ་རྒྱུ་ཡིན”ཞེས་བཤད།

    མིག་སྔར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ས་མཐོའི་སྡེ་ཁུལ་དུ་རྩ་བ་ཚུགས་པ་དང་མང་ཚོགས་ཀྱི་སེམས་ནང་མེ་ཏོག་བཞད་ནས་འབྲས་བུ་བཏགས་ཡོད། དེ་ནི་སྲིད་ཇུས“གོ་ཐུབ་པ་དང་བློ་ལ་ངེས་ཐུབ་པ”ནས“སྤྱོད་ཐུབ་པའི”བར་གྱི་གསོན་ཉམས་དོད་པའི་འགྲེལ་བཤད་ཅིག་རེད་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་མི་སེར་དཀྱུས་མའི་འཚོ་བ་མཉམ་སྒུལ་བྱུང་བའི་གསོན་ཉམས་དོད་པའི་དཔང་རྟགས་ཤིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།