དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ“སྙིགས་རོ་ནོར་ལ”སྒྱུར་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-17

    ཨུ་ཟ་བྷེ་ཁི་སི་ཐན་གྱི་དཔལ་འབྱོར་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་མགྱོགས་མྱུར་འཕར་བཞིན་ཡོད་མོད། འོན་ཀྱང་འཕེལ་རྒྱས་མགྱོགས་པོ་དེ་རིགས་ལས་འགྲན་སློང་མང་པོ་བྱུང་བ་དང་། དེའི་ནང་ཆེས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གྱི་གྲས་ཤིག་ནི་ཉིན་རེ་བཞིན་ཚབས་ཇེ་ཆེར་འགྲོ་བའི་སྙིགས་རོ་གཙང་བཟོ་བྱེད་རྒྱུ་དེ་རེད། ཀྲུང་གོའི་ཁེ་ལས་ཀྱིས་མིག་རྒྱང་དེ་བས་རིང་བ་ཕྱི་རྒྱལ་དུ་བསྲིངས་ནས་གོ་སྐབས་གསར་པ་འཚོལ་བཞིན་ཡོད། སྙིགས་རོ་གཙང་བཟོ་བྱེད་པའི་ཐད་ཨུ་ཟ་བྷེ་ཁི་སི་ཐན་གྱི་བརྗིད་ཆེའི་དམིགས་ཚད་དང་ཀྲུང་གོའི་ཁེ་ལས་ཀྱི་དགོས་མཁོ་དང་ཡོངས་སུ་མཐུན་ནས་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་ཐེབས་ཡོད་པ་རེད།

    མིག་སྔར། རྣམ་གྲངས་ཆེ་གྲས་མང་པོ་ཞིག་ལག་ལེན་བསྟར་འགོ་ཚུགས་ཤིང་། རྣམ་གྲངས་འདི་དག་ལས་མངོན་གསལ་དོད་པའི་ཕན་འབྲས་ཐོན་བཟོ་ཡོད། ཀྲུང་གོའི་ངོས་ནས་བརྗོད་ན། དེ་དག་གིས་ལྗང་མདོག་ལག་རྩལ་ཕྱིར་གཏོང་དང་ཡོང་འབབ་གསར་པ་གཏོད་པ་དང་། དེ་བཞིན་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དང་དཔལ་འབྱོར་འབྲེལ་མཐུད་གཏིང་ཟབ་བྱེད་པར་སྒོ་མོ་ཕྱེ་ཡོད། ས་ཁུལ་དེའི་གད་སྙིགས་གློག་གཏོང་རྣམ་གྲངས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ལ། ཀྲུང་གོར་གནད་སྨིན་ལག་རྩལ་བྱ་ཐབས་མཉམ་སྤྱོད་བྱེད་པར་གོ་སྐབས་མཁོ་འདོན་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ལ་རང་ངོས་ཀྱི་ནུས་པ་ཆེ་རུ་གཏོང་བར་རོགས་རམ་བྱས་པ་འབྲེལ། དེ་ཉིད་ཀྲུང་གོའི་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བའི་ལག་རྩལ་ཀྱི་སྐྱེ་ཁམས་མ་ལག་དང་དེ་བས་མཉམ་འདྲེས་དམ་ཟབ་ཐུབ་པར་བྱས་ཡོད་པ་རེད།

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ངོས་ནས་བརྗོད་ན། གད་སྙིགས་གློག་གཏོང་རྣམ་གྲངས་ཀྱིས་རྒྱལ་ཁབ་དེའི་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་གད་སྙིགས་གཙང་བཟོ་བྱེད་པའི་དཀའ་གནད་སེལ་བར་རྩ་ཆེའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་ཀོང་ཏ་ཁོར་ཡུག་ཚོགས་པས་ཨུ་ཟ་བྷེ་ཁི་སི་ཐན་དུ་སྐུལ་འདེད་གཏོང་བའི་རྣམ་གྲངས་ལས་སྔོན་དཔག་བྱས་ན་ལོ་ལྟར་གད་སྙིགས་ཏུན་ཁྲི་100ལྷག་ཙམ་གཙང་བཟོ་ཐུབ་རྒྱུ་རེད། རྒྱལ་ཁབ་དེའི་གད་སྙིགས་མེར་སྲེག་རྣམ་གྲངས་གཉིས་སུ་ཧྲང་ཧའེ་ཁང་ཧེང་ཁོར་ཡུག་ཀུང་སིས་ཉིན་རེར་གཙང་བཟོ་བྱེད་ནུས་ཏུན་1500ཟིན་རྒྱུ་དང་། སྔོན་དཔག་བྱས་ན་ལོ་ལྟར་གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་2.4ཙམ་གཏོང་ཐུབ་རྒྱུ་རེད།

    —— 《ཨེ་ཤེ་ཡ་དབུས་མའི་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།