དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་ཅིན་ཧྭ་གྲོང་ཁྱེར་དུ་ཕྱི་རྒྱལ་གྱི་སློབ་མས་ལས་རིགས་ཀྱི་རྩལ་ནུས་གསར་པ་སྦྱོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-17

    ཉིན་ཤས་གོང་། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དུ་གནས་པའི་ཀྲེ་ཅང་འགྲིམ་འགྲུལ་ལག་ཤེས་སློབ་གླིང་གི་ལུས་རྩལ་ཐང་དུ་མ་ལེ་ཞི་ཡ་ནས་ཡོང་བའི་རྒྱལ་སྤྱིའི་སྤེལ་རེས་སློབ་མས་མི་མེད་གནམ་གྲུའི་འཕུར་སྐྱོད་ཀྱི་རྩ་བའི་རིགས་པ་དང་རྨང་གཞིའི་ཚོད་འཛིན་བྱེད་སྟངས་སྦྱོང་བཞིན་ཡོད་པ་རེད།

    དུས་ཡུན་ཉིན་9ཡི་སྤེལ་རེས་བྱེད་རིང་། ཕྱི་རྒྱལ་གྱི་སློབ་མ་19ཡིས་སློབ་གྲྭ་དེའི་འཕྲུལ་གློག་བཟོ་སྐྲུན་སློབ་གླིང་གི་བཟོ་ལས་འཕྲུལ་མིའི་སྒྲིག་རིམ་གྱི་སྲོག་ཤིང་དང་བགྲོད་ཤུལ་ཚོད་འཛིན་དང་། མི་མེད་གནམ་གྲུ་སྒྲིག་སྦྱོར་དང་ཚོད་འཛིན་ལག་རྩལ་སོགས་ཀྱི་སློབ་ཚན་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་འབྲེལ། ལིང་ཕའོ་རླངས་འཁོར་རིག་ནུས་བཟོ་གྲྭ་དང་ཀྲེ་ཅང་ཁེ་ཞུང་གློག་རྡུལ་ཚན་རྩལ་སོགས་ཚན་རྩལ་མཐོ་བའི་ཁེ་ལས་ལ་དབྱིངས་ཞུགས་རྣམ་པའི་ལྟ་སྐོར་ཡང་བྱས་ནས་ཀྲུང་གོའི་ཚན་རྩལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཏེ། ཆེད་ལས་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

    འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དུ་མ་ལེ་ཞི་ཡ་ནས་ཡོང་བའི་ཕྱི་རྒྱལ་གྱི་སློབ་མས་ཀྲེ་ཅང་ཁེ་ཞུང་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིར་ལས་རོགས་འཕྲུལ་མིའི་ལག་རྩལ་བཀོལ་སྤྱོད་དང་གསར་གཏོད་ལས་དོན་ས་ཚིགས་ཀྱི་དངོས་སྦྱོང་ལས་སྟེགས་སུ་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།