དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་10པར་རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-17

     ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་10པར། ཐོན་སྐྱེད་མཁོ་སྤྲོད་གཞི་རྩའི་ཆ་ནས་བརྟན་པོ་བྱུང་བ་དང་། ལས་ཞུགས་སྤྱི་ཡོངས་ནས་བརྟན་པོ་བྱུང་བ། ཟོག་གོང་ཅུང་ལེགས་བཅོས་བྱུང་བ། སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ་བཅས་ལས། རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་འཕར་ཞིང་། ཟླ་10པར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་4.9%འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་8.0%འཕར་བ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7.2%འཕར་ཡོད་པ་རེད།

    ཞབས་ཞུའི་ལས་རིགས་བརྟན་པོ་འཕར་ཞིང་། ཟླ་10པར། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་4.6%འཕར་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་5.7%འཕར་ཡོད་པ་རེད།

    ཁྲོམ་རའི་བྲིན་ཚོང་གཞི་ཁྱོན་ཆེ་རུ་ཕྱིན་ཞིང་། ཟླ་10པར། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་46291 ཟིན་པ་དེ་དུས་མཚུངས་ལས་2.9%འཕར་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་412169ཟིན་པ་དེ་དུས་མཚུངས་ལས་4.3%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།