དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཤིན་ཕིང་།   |     སྤེལ་དུས།  2025-11-17

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས”ཞེས་དང“ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་མཐའ་འཁྱོངས་དང་། སྒྱུར་བཅོས་བྱེད་ཐབས་སྤྱད་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་དང་གསོན་ཤུགས་འཕེལ་བར་བྱེད་དགོས”

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་དམིགས་ཚད་དང་ལས་འགན་སྤྱིའི་ཆ་ནས་དུས་བཀག་ལྟར་ལེགས་འགྲུབ་བྱུང་བའི་རྨང་གཞིའི་ཐོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་དང་ཕྱོགས་ཁག་གི་ལས་འགན་གཙོ་བོ་ཁ་གསལ་བཟོས་ནས་ཀྲུང་གོའི་སྒྱུར་བཅོས་བྱ་གཞག་ལ་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་ཡོད།

    ཀྲེ་ཅང་ཚང་ནན་རྫོང་དུ། “དམངས་ཁྲོད་མ་རྩ་ཉིང་རྡུལ་རྣམ་གྲངས་འཛུགས་སྐྲུན་ནང་འཇོག་པའི”སྒྱུར་བཅོས་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། “སན་ཨའོ་ཉིང་རྡུལ་གློག་ཁང་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་ནས་གཉིས་པའི་བར་དམངས་ཁྲོད་མ་རྩའི་བསྡུར་ཚད་བཟུང་ཚད་2%ནས་10%བར་འཕར་བ་དང་དམངས་གཉེར་མ་རྩ་ཉིང་རྡུལ་གློག་ཁང་འཛུགས་སྐྲུན་ནང་ཞུགས་པའི་རྒྱལ་སྒོ་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་ཀྲུང་ཀོང་ཉིང་རྡུལ་གློག་ཁང་ཚང་ནན་ཉིང་རྡུལ་གློག་ཁང་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་ཧྲན་སི་མོང་གིས་བཤད།

    2%ནས་10%བར་གྱི་ཚད་བརྒལ་ཇི་ལྟར་མངོན་འགྱུར་བྱེད་དམ། རྣམ་གྲངས་འོས་སྦྱོར་འདུ་ཚོགས་ཤིག་གིས་དམངས་ཁྲོད་མ་རྩའི་མ་འཇོག་འདོད་བློ་གཏན་འཁེལ་བྱས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་མ་འཇོག་བྱས་པ་དང་། ཁྱོན་ཡོངས་ཀྱི་མ་འཇོག་ཐོབ་ཆ་འཁོར་ཡུན་ལོ་60ལས་བརྒལ་ཡོད། རྣམ་གྲངས་ཁ་ཕྱོགས་གཏན་འཁེལ་གྱི་འོས་སྦྱོར་འདུ་ཚོགས་ཐོག་ཀྲུང་ཀོང་ཉིང་རྡུལ་གློག་ཁང་གིས་སན་ཨའོ་ཉིང་རྡུལ་གློག་ཁང་དུས་ཐེངས་གཉིས་པའི་ལས་གྲྭའི་མ་འཇོག་འཆར་གཞི་དང་སྔོན་དཔག་ཕན་འབྲས་གསལ་པོ་བཤད་པས། ས་དེ་རང་དུ་ཁེ་ལས་ཕྱེད་ཀ་ཡན་གྱིས་མ་འཇོག་བྱེད་འདོད་གསལ་པོ་བརྗོད་ཡོད། 

    2%ནས་10%བར་མང་དུ་ཕྱིན་པའི་ཐོབ་སྐལ་སུས་སྤྲོད་དམ། ཡང་སྐོར་བསྐྱར་སྐོར་གྱི་རྐང་དབང་སྐོར་གྱི་གྲོས་མོལ་ལས“དམངས་ཁྲོད་མ་རྩ་ཉིང་གློག་རྣམ་གྲངས་འཛུགས་སྐྲུན་ནང་འཇོག་པའི”ལམ་བུ་འགན་ལེན་བྱས་ཤིང་། མཐར་ཀྲེ་ཅང་ཞིང་ཆེན་རིམ་པའི་གཞུང་རྒྱུ་ཨུ་ལྷན་གྱིས་སྣེ་ཁྲིད་ནས་མ་རྐང་4%བཤུག་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་གཞུང་རྒྱུ་ཨུ་ལྷན་གྱིས་ཁག་སོ་སོར་མ་རྐང་2%བཤུག་སྟེ། དམངས་གཉེར་ཁེ་ལས་ལ་མ་རྐང་ནང་ཞུགས་པའི་བར་མཐོངས་བཏོད་ཡོད།

    2%ནས་10%བར་གྱི་ཚད་བརྒལ་ལས་ཕན་འབྲས་ཅི་ཞིག་ཐོན་ཡོད་དམ། ཧྲན་སི་མོང་གིས་དེ་ནི“གཉིས་ཕན་གྱི་བརྒྱུད་རིམ”ཞིག་རེད། ཉིང་རྡུལ་གློག་ཁང་ཁེ་ལས་ཀྱི་ངོས་ནས་བརྗོད་ན། དམངས་གཉེར་ཁེ་ལས་མ་རྐང་ནང་ཞུགས་ནས་མ་འཇོག་བྱས་ཚེ། རྣམ་གྲངས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བར་ཕན་ཐོགས་ཏེ། རྣམ་གྲངས་ཀྱི་མ་འཇོག་གི་མ་གནས་ལ་དོ་དམ་དང་ཚོད་འཛིན་དེ་བས་ལེགས་པོ་བྱེད་ཐུབ་ཅེས་བཤད།

    ན་ནིང་ཟླ་བ་8པར། རང་རྒྱལ་གྱིས་གསར་དུ་ཞིབ་མཆན་སྤྲད་པའི་ཉིང་རྡུལ་གློག་ཁང་རྣམ་གྲངས་5ཡི་ནང་དམངས་གཉེར་མ་རྩའི་བསྡུར་ཚད་བཟུང་ཚད་10%ཡས་མས་ཟིན་པས། སྔོན་དཔག་བྱས་ན་དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར་240ལས་བརྒལ་རེ་ཡོད་པ་རེད། ད་ལོར་ཉིང་རྡུལ་གློག་ཁང་རྣམ་གྲངས་ཀྱི་དམངས་ཁྲོད་མ་རྩ་མ་རྐང་ནང་ཞུགས་པའི་བསྡུར་ཚད་མཐོ་ཤོས་20%བར་མཐོ་རུ་ཕྱིན་ཡོད།

    གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་སྤུས་ཚད་མཐོ་པོའི་ངང་མཇུག་བསྡུས་ཏེ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་མཐོར་འདེགས་བྱ་སྤྱོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་སོགས་བཏོན་ནས་སྒྱུར་བཅོས་ཀྱི་རམ་འདེགས་འོག སྤྱི་དབང་ལམ་ལུགས་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ཐུན་མོང་འཕེལ་རྒྱས་ཡོང་བར་ཆར་པ་ཆུ་གྲོགས་ཡོང་བ་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་རང་རྒྱལ་དུ་ཁེ་ལས་ཁྲི་1999.9མང་དུ་ཕྱིན་པ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་3394.6 འཕར་བ། ཀྲུང་དབྱང་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་70ཡང་མ་ཟིན་པ་ནས་སྒོར་དུང་ཕྱུར་ཁྲི་90ལྷག་ཙམ་བར་འཕར་ཡོད།

    “སྨན་ཁང་ནས་དོན་པ་དང་རྩིས་ཞུ་བྱས་ཏེ་རྩིས་ཐོའི་ནང་དངུལ་འབྱོར་བའི་བར་ཉིན་10ཙམ་ལས་འགོར་མ་སོང་། རྩིས་ཞུ་ཆ་ཚང་བྱས་པར་སྒོར་800ལྷག་ཙམ་འདུག”ཅེས་ཟོག་འདྲེན་ལས་སྟེགས་ཀྱི་ཁ་ལོ་བ་ཧན་མེང་མེང་གིས་བརྗོད་ཅིང་། དངོས་ཟོག་དབོར་སྐབས་སྟབས་མ་ལེགས་པར་ཁོང་ལ་རྨས་སྐྱོན་ཕོག་པས། “ལས་རིགས་གསར་པའི་རྨས་སྐྱོན”འགན་བཅོལ་གྱིས་ཁོང་ལ་ཐ་སྐྱོང་བྱས་ཡོད།

    “ལས་རིགས་གསར་པའི་རྨས་སྐྱོན”ནི་ཆེད་མངགས་ལས་རྣམ་གསར་པའི་མི་སྣར་དམིགས་ནས་བཏོན་པའི་ལས་རིགས་རྨས་སྐྱོན་འགན་སྲུང་ཞིག་རེད། དེ་ནི་2022ལོའི་ཟླ་བ་7པ་ནས་བཟུང་ཚོད་ལྟ་བྱེད་འགོ་ཚུགས་ཤིང་། ད་ལོའི་ཟླ་བ་7པ་ནས་བཟུང་ཚོད་ལྟའི་ཞིང་ཆེན་10བར་མང་དུ་ཕྱིན་ཡོད། མིག་སྔར་ཚོད་ལྟའི་ས་ཁུལ་དུ་རིམ་རྩིས་བརྒྱབ་ན་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་2200ལས་བརྒལ་ཡོད།

    རྒན་ཡོལ་དུས་ཚོད་རིམ་པས་ནར་འགྱངས་ཀྱི་ཁྲིམས་བཀོད་ལོ་ཚོད་ལག་བསྟར་དང་། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར། བུད་མེད་དང་བྱིས་པའི་བདེ་སྲུང་དང་། བྱིས་པའི་སྨན་བཅོས། ཀུན་ཕན་བཅོལ་ཉར་ཞབས་ཞུ་མཁོ་འདོན་སོགས་རྒྱུན་མཐུད་ངང་མང་དུ་དང་ལེགས་སུ་བཏང་ཞིང་། སྒྱུར་བཅོས་ནི་དམངས་སེམས་དང་འབྲེལ་ཡོད་པས། སྤྱི་ཚོགས་ཀྱི་དྲང་གཞག་དྲང་སྙོམས་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་གི་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཁ་གསལ་བཟོས་ཤིང་། དེའི་ནང་གི་གཅིག་ནི“ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་མཐའ་འཁྱོངས་བྱེད་པ”དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།