ཀྲུང་གོར་གསར་དུ་བཙུགས་པའི་ཕྱི་རྒྱལ་མ་འཇོག་ཁེ་ལས་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་བ།
ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་དེས་ཕྱི་རྒྱལ་ཚོང་པའི་དགའ་བསུ་ཐོབ་སྟེ་མ་འཇོག་བྱས་ནས་ཀུང་སི་འཛུགས་པར་འོང་ཡོད།
ཀྲུང་གོའི་ཚོང་དོན་པུའི་ཆ་འཕྲིན་ལ་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་དགུ་པའི་བར། ཀྲུང་གོར་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཀུང་སིའི་ཁེ་ལས་དུས་མཚུངས་ལས་16.2%འཕར་ཏེ། གསར་དུ་བཙུགས་པའི་ཁེ་ལས་ཀྱི་གྲངས་འབོར་48921ཟིན་ནས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་དངུལ་གྲངས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་5.73ཟིན་ཡོད།
རི་པིན་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱིན་ཇི། སུའེ་ཙེར་བཅས་ཀྱི་མ་འཇོག་འབྱུང་གནས་གཙོ་བོའི་ཁྲོད་འཕར་ཚད་ཅུང་མང་བས་འཕར་ཚད་55.5%དང་། 48.7% 21.1% 19.7%བཅས་སོ་སོར་ཟིན་པའི་ནང་སྒོ་ཁྲལ་འཇལ་མི་དགོས་པའི་གྲུ་ཁ་བརྒྱུད་མ་འཇོག་བྱེད་པའི་གྲངས་གཞིའང་ཚུད་ཡོད།
གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པར། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་དང་ཕྱི་ཕྱོགས་མ་འཇོག་ཁེ་ལས་ལ་ཕན་འདོགས་པའི་བྱ་ཐབས་བཏོན་ནས་ཁོང་ཚོའི་མ་འཇོག་ཁོར་ཡུག་ལ་འགན་སྲུང་བྱས་ཤིང་། 2024ལོར་ཀྲུང་གོས་ལོ་བརྒྱད་བསྟུད་མར་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོའི་གནས་བབ་རྒྱུན་འཁྱོངས་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཨ་སྒོར་དུང་ཕྱུར་7000ལས་བརྒལ་ཡོད།
—— ལ་ཏིང་མེ་གླིང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།