དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མདོ་ལ་རིང་མོའི་འདབས་སུ་ཆགས་པའི་རི་སྐྱེས་སྲོག་ཆགས་ཀྱི“ཁྱིམ་གཞིས”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-11-17

    འདི་ནི་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་སུ་ལས་དོན་པས་གནའ་བར་རིམས་འགོག་སྨན་ཁབ་རྒྱག་བཞིན་པ།

    འདི་ནི་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་སུ་ལས་དོན་པ་ཞུས་ཡུང་ཆིང་གིས་བསྐྱབས་པའི་ཤྭ་བ་སེར་ཆེན་ཞིག་ལ་བྱིལ་བྱིལ་བྱེད་བཞིན་པ།

    འདི་ནི་བསྐྱབས་པའི་ཤྭ་བ་སེར་ཆེན་ཞིག་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་ནང་རང་དགར་རྒྱུ་བཞིན་པ།

    འདི་ནི་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་ཀྱི་ལས་དོན་པས་བསྐྱབས་པའི་གནའ་ཕྲུག་ཡིན་པ།

    འདི་ནི་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་ཀྱི་ལས་དོན་པས་རྨས་སྐྱོན་ཕོག་པའི་ཁྲ་དམར་པོ་ཞིག་ལ་ལྟོ་སྟེར་བཞིན་པ།

    འདི་ནི་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་ཀྱི་ལས་དོན་པས་བསྐྱབས་པའི་གསའ“ཆེ་ཏེ་ལུང”ཡིན་པ། གསའ་འདི་ལོ་ཆེ་ཞིང་རྫི་རྡིབ་པར་བརྟེན་ས་ཚིགས་དེས་མ་ཤི་བར་གསོ་རྒྱུ་ཡིན་པ་རེད།

    འདི་ནི་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་ཀྱིས་བསྐྱབས་པའི་དབྱི་དཀར་ཞིག་གིས་ལྟོ་ཟ་བཞིན་པ།

    འདི་ནི་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་སུ་ལས་དོན་པ་ལིའུ་ལིན་ཁྲུན་གྱིས་བསྐྱབས་པའི་གནའ་བ་ཞིག་ལ་བྱིལ་བྱིལ་བྱེད་བཞིན་པ།

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་(འོས་འདེམས་ཁུལ)གི་མཚོ་སྔོན་ཡུག་ཁུལ་དུ་རི་སྐྱེས་སྲོག་ཆགས་ཀྱི“ཁྱིམ་གཞིས”ཞིག་ཡོད་པ་སྟེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་དེ་ཡིན། 2022ལོར་བཙུགས་པ་ནས་བཟུང་། ས་ཚིགས་དེ་རི་སྐྱེས་སྲོག་ཆགས་རྨས་མ་མང་པོའི་ཁྱིམ་གཞིས་ལྟ་བུར་གྱུར་ཡོད།

    མྱུར་སྐྱོབ་གསོ་སྤེལ་ས་ཚིགས་ལ་སླེབས་པའི་སྲོག་ཆགས་ཚང་མར་གཟུགས་པོ་བརྟག་དཔྱད་དང་ཡིག་ཚགས་ནན་པོ་བཟོས་ཡོད་པ་མ་ཟད། ཚང་མར་རང་རང་གི་གནས་ཚུལ་ལ་གཞིགས་ནས་ནད་བཅོས་ལྟ་སྐྱོང་བྱེད་ཀྱི་ཡོད། རང་བྱུང་ཁམས་ལ་གློད་པའི་ཆ་རྐྱེན་འཛོམས་རིགས་ཀྱི་སྲོག་ཆགས་དག་ལས་དོན་པས་རི་མ་ཐང་དུ་འཚོ་ཐབས་ཀྱི་སྦྱོང་བརྡར་སྤྲས་ཏེ། རྦད་དེ་དྲག་སྐྱེད་བྱུང་བ་དང་སྦྱོང་བརྡར་གྱི་ཚད་གཞི་ལོན་རྗེས་གཞི་ནས་རི་མ་ཐང་དུ་གློད་ཀྱི་ཡོད། མིག་སྔའི་བར། མྱུར་སྐྱོབ་གསོ་སྤེལ་ས་ཚིགས་ཀྱིས་ཁྱོན་བསྡོམས་རི་སྐྱེས་སྲོག་ཆགས་235སྐྱོབ་བཅོས་བྱས་པའི་ནང་གསའ་དང་། རི་ཞིམ། ཁྲུང་ཁྲུང་སྐེ་ནག དགོ་བ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་སྣ་ཚོགས་ཡོད། དེའི་ནང་ནས་རིགས་21ཡི་སྲོག་ཆགས་56བདེ་བླག་ངང་རི་མ་ཐང་དུ་གློད་ཡོད། འོན་ཀྱང་ལོ་ན་རྒས་ཤིང་རྨས་སྐྱོན་ཕོག་པ་སོགས་ཀྱིས་རྐྱེན་པས་རི་མ་ཐང་དུ་འཚོ་ཐབས་ཀྱི་ནུས་པ་ཤོར་བའི་སྲོག་ཆགས་དག་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་སུ་མ་ཤི་བར་གསོ་གི་ཡོད།

    འདིར་ཡོད་པའི་ལས་དོན་པ་ནི་སྲོག་ཆགས་དེ་དག་གི་སྨན་པ་དང་རྩལ་ཁྲིད་པ་ཡིན་ལ། ཕ་མ་ལྟ་བུའང་ཡིན། ཁོང་ཚོས་སྲོག་ཆགས་ལ་ལྟོ་སྟེར་བ་དང་། རིམས་འགོག་སྨན་ཁབ་རྒྱག་པ། ལྷས་ར་གཙང་འཕྱག་བྱེད་པ། གཟུགས་པོར་བརྟག་དཔྱད་བྱེད་པ་སོགས་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་ཚང་མར་ལྟ་སྐྱོང་ཞིབ་ཚགས་བྱས་ནས་དེ་དག་བདེ་ཐང་ཡོང་ཐབས་བྱེད་ཀྱི་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཆི་ཀྲེ་ཡུའེ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།