དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི(2025ལོའི)ཀྲུང་ཧྭའི་ལས་རིགས་སློབ་གསོའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་བདེ་བླག་ངང་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-17

    ཉེ་ཆར། བོད་ཀྱི(2025ལོའི)ཀྲུང་ཧྭའི་ལས་རིགས་སློབ་གསོའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བདེ་བླག་ངང་གཉེར་བ་རེད། བོད་ཀྱི་ལས་རིགས་སློབ་གསོའི་སློབ་མ་ཚོར་ཁ་ཕྱོགས་པའི་གཉིས་གཏོད་ཀྱི་འགྲན་བསྡུར་གལ་ཆེན་ཞིག་ཡིན་པའི་བྱེད་སྒོ་དེས“ལས་རིགས་སློབ་གསོའི་བཟོ་བོ་སྐྱོང་། གཉིས་གཏོད་ཕུགས་འདུན་དོན་དུ་གཉེར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཁུལ་ཁོངས་ཀྱི་ལས་རིགས་སློབ་གསོའི་གཉིས་གཏོད་ལག་ལེན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ད་ཐེངས་འགྲན་བསྡུར་གྱིས་སློབ་མ་ཚོར་རང་ཉིད་ཀྱི་འཇོན་ཐང་ངོམ་པ་དང་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སའི་ལས་སྟེགས་ཤིག་བཏོད་ཡོད་ལ། ལས་རིགས་སློབ་གླིང་ཁག་དབར་གྱི་སྤེལ་རེས་མཉམ་ལས་ལའང་སྐུལ་འདེད་བཏང་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྤེལ་སྟངས་འཚོལ་ཞིབ་ལ་རམ་འདེགས་བྱས་ཏེ་ས་ཁོངས་ཀྱི་ལས་རིགས་སློབ་གསོ་ཧྲིལ་པོའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཀྱང་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།