མེ་ཟོན་ཤེས་བྱ་སློབ་གྲྭར་སྤེལ། ཧོ་ལན་རི་བོ་མཉམ་དུ་སྲུང་།

མིག་སྔ་ནི་ཧོ་ལན་རི་བོའི་ནགས་ཚལ་དུ་མེ་སྐྱོན་ཐོན་ཉེན་ཆེ་བའི་ནམ་དུས་ཡིན་པས། ཉིང་ཞ་ཧོ་ལན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་པས་མེ་ཟོན་བདེ་འཇགས་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད། ཚན་རིག་ཤེས་བྱ་ཁྱབ་གདལ་དྲིལ་བསྒྲགས་དང་སྒྲིག་ཆས་འགྲེམས་སྟོན་དང་ཉམས་ལེན་སོགས་བརྒྱུད་སྲུང་སྐྱོང་ཁུལ་ཉེ་འཁོར་གྱི་སློབ་མའི་ནགས་ཚལ་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ་ལས་ཧོ་ལན་རི་བོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཐུན་མོང་ཐོག་བརྟན་དུ་ཕྱིན་ཡོད། འདི་ནི་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཤིས་ཞ་ཆུས་ཀྱི་སློབ་ཆུང་དང་པོར་སློབ་མ་ཚོས་མེ་ཟོན་བདེ་འཇགས་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་ཡུལ་དུ་དྲན་རྟེན་པར་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།