དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་བརྩམས་ཆོས《དགའ་བའི་གླུ་ལེན། སྐྱིད་པའི་བྲོ་འཁྲབ》ལ་ཐང་ཆེན་ཞབས་བྲོའི་རིགས་ཀྱི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-17

    ཉེ་ཆར། རྒྱལ་ཡོངས་མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའ་སྐབས་ཉི་ཤུ་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྲུང་ཆིང་གྲོང་ཁྱེར་དུ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་བདམས་སྐྱེལ་དང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གསར་རྩོམ་དང་ནང་སྦྱོང་བྱས་པའི་ཐང་ཆེན་ཞབས་བྲོ《དགའ་བའི་གླུ་ལེན། སྐྱིད་པའི་བྲོ་འཁྲབ》ཅེས་པ་དེ་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཚན་པ་1996གི་བརྩམས་ཆོས་5039ཡི་ཁྲོད་ནས་འབུར་དུ་ཐོན་ཏེ། ཐང་ཆེན་ཞབས་བྲོའི་རིགས་ཀྱི་མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བརྩམས་ཆོས་དེ“ནག་ཆུའི་སྒོར་གཞས”གསར་རྩོམ་གྱི་ལྟེ་བར་བྱས་ཏེ། ལོ་ཕྱེད་ཙམ་ལེགས་སྒྲིག་བྱས་ནས། ནག་ཆུའི་སྒོར་གཞས་ཀྱི་མཚོན་རྟགས་རང་བཞིན་གྱི་རྐང་སྟབས་དང་། ཁ་སྐོར། ཕུ་ཐུང་གཡུག་གཡུག་སོགས་ཀྱི་སྟངས་སྟབས་ཚང་མ་རང་སོར་བཞག་ཡོད་ལ། དུས་ཆེན་དང་ལོ་ལེགས་སྐབས་དགའ་སྤྲོ་བརྒྱུད་སྤྲོད་བྱེད་པའི་སྲོལ་རྒྱུན་གྱི་ནང་དོན་ཡང་སླར་གསོ་བྱས་ཤིང་། གསར་གཏོད་རང་བཞིན་གྱི་སྒོ་ནས་དེང་རབས་ཐང་ཆེན་ཞབས་བྲོའི་དབྱངས་ཀྱི་འགྱུར་ཁུག་དང་མཐུན་པའི་འཁྲབ་སྟངས་ཇུས་འགོད་བྱས་ཏེ། མཉམ་སྡེབ་ཀྱི་མཛད་སྒོའི་ཚོར་སྣང་དང་མང་ཚོགས་ཀྱི་མཉམ་འགུལ་རང་བཞིན་མཉམ་འདྲེས་ཡག་པོ་ཐུབ་པར་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།