དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་ལོ་གོང་མའི་དུས་མཚུངས་ལས་7.9%འཕར་བ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས(གཤམ་དུ“རིག་གནས་ཁེ་ལས”ཞེས་བསྡུ་རྒྱུ)ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་109589བྱུང་བ་དེ། ལོ་གོང་མའི་དུས་མཚུངས་ལས་7.9%འཕར་བ་དང་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.5ཡིས་མགྱོགས་པ་ཡོད། དེའི་ཁྲོད་དུ་རིག་གནས་ཀྱི་ལྟེ་བའི་ཁྱབ་ཁོངས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་74216བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་11.5%འཕར་ཡོད།
རིག་གནས་ཞབས་ཞུའི་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། རིག་གནས་ཞབས་ཞུའི་ལས་རིགས་ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་60626བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་11.9%འཕར་བ་དང་། རིག་གནས་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་ཀྱིས་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ནང་བཟུང་བའི་བསྡུར་ཚད་55.3%ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།