དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་སོན་ཁུངས་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་པ།

    རང་བདག་འདེམས་གསོ་བྱས་པའི་ཞིང་ལས་ལོ་ཏོག་སོན་རིགས་ཀྱིས་བསྡུར་ཚད་95%ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-16

    ཚེས་13ཉིན། ཞིང་ལས་གྲོང་གསེབ་པུའུ་ཡིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་སོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སོན་ལས་དར་རྒྱས་བྱ་སྤྱོད་ལག་ལེན་བསྟར་ནས་ལོ་ལྔ་སོང་རིང་། རང་རྒྱལ་གྱི་སོན་ཁུངས་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་ནས་རང་བདག་འདེམས་གསོ་བྱས་པའི་ཞིང་ལས་ལོ་ཏོག་སོན་རིགས་ཀྱིས་95%ཡན་བཟུང་བ་དང་། ཕྱུགས་རིགས་དང་ཁྱིམ་བྱ་དང་ཆུ་ཐོན་གྱི་རང་རྒྱལ་ནས་ཐོན་པའི་སོན་ཁུངས་ཀྱིས་ཁྲོམ་ར་བཟུང་ཚད་80%དང་85%ལྷག་ཙམ་སོ་སོར་ཟིན་ཡོད། སོན་སྤུས་ཐོན་ཁུངས་ཀྱི“ཁྱིམ་ཚང་གི་རྨང་གཞི”དེ་བས་བཟང་དུ་ཕྱིན་ནས། སོན་ལས་ཀྱི་ཚན་རྩལ་གསར་གཏོད་སྤྱི་ཡོངས་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། སོན་ལས་བཟང་བསྒྲིགས་ཁེ་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རྒྱལ་ཁབ་རིམ་པའི་སོན་ལས་རྟེན་གཞིའི་ས་བོན་མཁོ་སྤྲོད་འགན་ལེན་བྱེད་ཚད་80%ཟིན་པ། སོན་ལས་ཀྱི་ཤེས་རིག་བདག་དབང་ལ་སྲུང་སྐྱོང་ཆེན་པོ་བྱེད་པའི་བཀོད་པ་ཞིག་རགས་ཙམ་བཙུགས་པས། དུས་མཚམས་རང་བཞིན་གྱི་དམིགས་ཚད་དང་ལས་འགན་དུས་བཀག་ལྟར་མངོན་འགྱུར་ཐུབ་རྒྱུ་རེད།

    ཚོགས་འདུའི་ཐོག་བཏོན་དོན། སོན་ལས་དར་རྒྱས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པའི་འགན་འཁྲིའི་སེམས་པ་དང་དགོས་གཏུག་གི་སེམས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དཀའ་གནད་སེལ་བ་དང་། ཞན་ཆ་སེལ་བ། ལེགས་ཆ་ཆེ་རུ་གཏོང་བ། ཉེན་ཁར་ཚོད་འཛིན་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སོན་ལས་ཚན་རྩལ་རང་ཚུགས་རང་དར་དང་སོན་ཁུངས་རང་བདག་ཚོད་འཛིན་མགྱོགས་མྱུར་མངོན་འགྱུར་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།