དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བློ་རིག་འགག་སྒོ་འཛུགས་སྐྲུན་བྱས་ནས་གངས་ལྗོངས་ས་མཐོའི་ཆུ་ཚད་མཐོ་བའི་སྒོ་དབྱེར་མཐུན་རྐྱེན་སྦྱར་བ།

    བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-16

    བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་མིས་ཐོན་རྫས་འདེམས་པ་དང་། ཐུམ་སྒྲིལ་རྒྱག་པ། སྤུས་ཚད་ཞིབ་བཤེར་བྱེད་པ་སོགས་ཀྱི་ལས་ཀ་གོ་རིམ་ལྡན་པའི་སྒོ་ནས་བྱེད་པ་དང་། ཐུམ་སྒྲིལ་བརྒྱབ་ཟིན་པའི་གཏེར་ཆུ་སྒམ་རེ་རེ་བཞིན་རྒྱུན་མཐུད་ལས་རིམ་ཐོག་གཏོང་བཞིན་ཡོད། དེ་རྗེས་ཤོག་སྒམ་ནང་བླུགས་པའི་འཐུང་ཆུ་དེ་དག་ལྷ་ས་འགག་སྒོའི“ཁག་ཐེངས་ཞིབ་བཤེར(རིམས་ནད་བརྟག་བཤེར)”གྱི་རྣམ་པ་བརྒྱུད་རྒྱང་རིང་གཏོགས་ཁོངས་ཞིབ་བཤེར་བྱས་རྗེས་ཕྱི་རྒྱལ་ལ་གཏོང་གི་ཡོད་པ་རེད།

    བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཅང་ཞའོ་ཧུང་གིས། ད་ལོ་ཀུང་སིར་འགག་སྒོའི་མཐོ་རིམ་ཁས་ལེན་དཔང་འདོན་བདེ་བླག་བྱུང་སྟེ། བོད་ཀྱི་AEOཁེ་ལས་ཨང་4པར་གྱུར་ནས་རྒྱལ་སྤྱིའི་ཚོང་དོན་ཁྱབ་ཁོངས་ཀྱི་མཚན་སྙན་དང་སྟོབས་ཤུགས་ཚང་མར་སྔར་བས་ཁས་ལེན་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ད་ལོའི་ཟླ་8པར། ལྷ་ས་འགག་སྒོ་ལས་ཁུངས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁག་གཉིས་པའི“ཁག་ཐེངས་ཞིབ་བཤེར”གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་ཁྱབ་ཁོངས་སུ་ཐོག་མར་བཅུག་པ་དང་། ཟླ་བ་དེར་གཏེར་ཆུ་སྒམ་15080“ཁག་ཐེངས་ཞིབ་བཤེར”བྱེད་སྟངས་བརྒྱུད་བདེ་བླག་ངང་ཀྲུང་གོའི་ཤང་ཀང་དུ་ཕྱིར་གཏོང་བྱས་པ་དེ་ཐོག་ནས་རྒྱལ་ཡོངས་ཀྱི་གཏེར་ཆུ“ཁག་ཐེངས་ཞིབ་བཤེར(རིམས་ནད་བརྟག་བཤེར)”བརྒྱུད་ཕྱིར་གཏོང་ཚོད་ལྟ་ཐོག་མ་དེ་བོད་ནས་གྲུབ་འབྲས་ཐོབ་པའི་ངང་བྱས་པ་དང་། བློ་རིག་འགག་སྒོ་འཛུགས་སྐྲུན་ལ་སླར་ཡང་བཀྲག་མདངས་བསྣན་པ་མཚོན་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི“བློ་རིག་ཚོང་དོན་དོ་དམ”སོགས་བློ་རིག་འགག་སྒོའི་ལས་སྒོའི་གནད་སྨིན་རྣམ་གྲངས་29ཁྱབ་གདལ་གཏོང་བར་གོ་རིམ་ལྡན་པའི་སྒོ་ནས་དང་ལེན་བྱས་ཏེ། རིམས་ནད་བརྟག་བཤེར་དཔང་ཡིག་ལ་རིག་ནུས་ཞིབ་བཤེར་བྱེད་པ་དང་རྒྱུན་གཏན་གྱི་འགྲུལ་པ་ཚོར་མེད་འགག་སྒོ་སྒྲོལ་བ་སོགས་ཀྱི་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཁེ་ལས་ཀྱི་མ་རྩ་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། མི་སྣ་འགྲོ་འོང་དང་རྒྱལ་སྒྲོལ་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། བོད་ཀྱི་འགག་སྒོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས་ལག་བསྟར་བྱས་པའི“མཁའ་ལམ་eཚིགས་སྒྲོལ”དང་། “བློ་མིག་རིག་བཤེར”སོགས་འགག་སྒོ་ཁུལ་གྱི་གསར་གཏོད་རྣམ་གྲངས་ཆུང་གྲས་7འགག་སྒོའི་འཐབ་ཕྱོགས་དང་པོར་གོ་རིམ་ལྡན་པའི་སྒོ་ནས་ཁྱབ་སྤེལ་བྱས་པས་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།

    འགྲམ་འགག་སྒོའི་ཡུལ་སྐོར་ཞིབ་བཤེར་ས་ཚིགས་སུ“བློ་མིག་རིག་བཤེར”རྣམ་གྲངས་ལ་བརྟེན་ནས། CTའཕྲུལ་ཆས་སོགས་སྒྲིག་ཆས་ཀྱི་བཤར་འབེབས་པར་རིས་རིག་ནུས་ཞིབ་བཤེར་མངོན་འགྱུར་བྱུང་བ་དང་འབྲེལ་དུས་ཐོག་ཏུ་ཕྱོགས་རྐྱང་པའི་ལས་སྒྲུབ་སྒྲིག་ཆས་དང་དུས་མཉམ་དུ་སླེབས་པ། སྤུ་ཧྲེང་འགག་སྒོར་མི་མེད་གནམ་གྲུ་སྤྱད་དེ“རིག་ནུས་སྐོར་ཞིབ”མངོན་འགྱུར་བྱུང་ཏེ“མཁའ་ཐོག་སྐོར་ཞིབ་དང་ས་ངོས་སྐོར་ཞིབ་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་ཕྱོགས་བསྡུས་རྣམ་པ་དང་ཕྱོགས་ཡོངས་ཀྱི་སྐོར་ཞིབ་ལྟ་སྐུལ་ཚོད་འཛིན་བྱས་པ། སྐྱིད་གྲོང་འགག་སྒོར“མཁའ་ལམ་eཚིགས་སྒྲོལ”གྱི་རྣམ་གྲངས་ལས་འགག་སྒོར་འཛུལ་མཁན་དང་ཕྱིར་དོན་མཁན་གྱི་རླངས་འཁོར་ཞིབ་བཤེར་བྱེད་སར་རང་འགུལ་ངང་དབྱེ་འབྱེད་དང་འཕྲལ་མར་ཤར་གཏོང་བྱས་པས་རླངས་འཁོར་རེའི་ཐེངས་རེའི་འགྲོ་སྐྱོད་དུས་ཚོད་སྐར་མ་30ཙམ་ཐུང་དུ་ཕྱིན་ཡོད། མཐའ་མཚམས་ཡུལ་མིའི་ཚོང་འབྲེལ“ངོ་རིས་ངོས་འཛིན”རྣམ་གྲངས་ཀྱིས་མཐའ་མཚམས་ཡུལ་མིའི་རེ་ཞུ་བྱེད་པའི་ཆ་སྙོམས་དུས་ཚོད་དེ་སྔའི་སྐར་ཆ་30ནས་ད་ཆའི་སྐར་ཆ་2ནང་ཚུན་དུ་ཐུང་དུ་བཏང་བས། མཐའ་མཚམས་ཡུལ་མི་སྟོང་ཕྲག་ཁ་ཤས་ཀྱི“འཕྲལ་མར་རེ་ཞུ”མངོན་འགྱུར་བྱུང་ཡོད།

    བློ་རིག་ཅན་གྱི་རྣམ་གྲངས་དེ་དག་འདྲ་བཟོ་ཁྱབ་སྤེལ་དང་བེད་སྤྱོད་བྱས་པ་བརྒྱུད“མུ་ཏིག་ཕྲེང་གྲུབ”དང་མཉམ་ཤུགས་ཆགས་པར་བྱས་པ་བརྟེན་བོད་ཀྱི་འགག་སྒོའི་ནུས་པ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་འགྲོ་བར་སྔར་བས་སྐུལ་འདེད་བཏང་བ་དང་། ཕྱི་ཕྱོགས་ཚོང་དོན་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་སྒོ་མོའི་བདེ་འཇགས་སྲུང་བཅད་ཀྱང་སྔར་བས་བརྟན་དུ་བཏང་སྟེ་བོད་ཀྱིས་དེ་བས་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་དབྱེའི་རྣམ་འགྱུར་ལ་བརྟེན་ནས་འཛམ་གླིང་དང་སྦྲེལ་མཐུད་བྱེད་བཞིན་ཡོད་པ་རེད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་འགག་སྒོ་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི་15ལྷག་ཙམ་ཟིན་ཡོད་པ་རེད།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།