དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2025ལོའི“རི་རྒྱལ་ལྷུན་པོ། ཆུ་ཡི་ཆུ་འགོ མཛེས་སྡུག་རྣམ་པར་བཀྲ་བའི་མཚོ་སྔོན”ཞེས་པའི་བརྙན་ལམ་ཐུང་ངུའི་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-16

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་སོགས་ཚན་པ་བདུན་གྱིས་མཉམ་དུ་གཙོ་གཉེར་བྱས་པའི“རི་རྒྱལ་ལྷུན་པོ། ཆུ་ཡི་ཆུ་འགོ མཛེས་སྡུག་རྣམ་པར་བཀྲ་བའི་མཚོ་སྔོན”ཞེས་པའི་བརྙན་ལམ་ཐུང་ངུའི་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་2026ལོའི་བརྙན་ལམ་ཐུང་ངུའི་འགྲན་བསྡུར་ཆེ་མོའི་འགོ་ཚུགས་མཛད་སྒོ་ཟི་ལིང་དུ་འཚོགས་པ་རེད།

    ད་ཐེངས་ཀྱི་བརྙན་ལམ་ཐུང་ངུའི་འགྲན་བསྡུར་ཆེ་མོར་བརྩམས་ཆོས་280བསྡུ་རུབ་བྱས་ནས་བྱ་དགའ་རིམ་པ་དང་པོ་4དང་། བྱ་དགའ་རིམ་པ་གཉིས་པ་6 བྱ་དགའ་རིམ་པ་གསུམ་པ་8 ཕུལ་བྱུང་བྱ་དགའ་15 ཆེད་དོན་བྱ་དགའ་2བཅས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་35དང་ཕུལ་བྱུང་རྩ་འཛུགས་ཚན་པ་6བདམས་ཡོད། འགྲན་བསྡུར་ཆེ་མོའི་སྒྲིག་འཛུགས་ཨུ་ལྷན་གྱིས་བྱ་དགའ་ཐོབ་པའི་བརྩམས་ཆོས་ཚང་མར་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཡོད། བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་བརྗོད་གཞི་སྣ་ཁ་མང་བ་དང་རྩོམ་སྟངས་གསར་ཞིང་། བརྗིད་ཉམས་ལྡན་པའི་ཁུ་ནུ་རི་རྒྱུད་ནས་ཤང་ཤང་བར་མེད་རྒྱུག་པའི་གཙང་གསུམ་ཆུ་འགོའི་བར་དང་། ཐུན་མིན་གྱི་མི་རིགས་གོམས་སྲོལ་ནས་གྲོང་ཁྱེར་གྱི་ཉམས་འགྱུར་གསར་པའི་བར། ཞིམ་མངར་རོ་བཅུད་ལྡན་པའི་སྲོལ་རྒྱུན་ཞིམ་ཟས་ནས་མི་སེར་དཀྱུས་མའི་རྒྱུན་གཏན་གྱི་འཚོ་བའི་བར་གྱི་ནང་དོན་ཚུད་ཡོད། གསར་རྩོམ་མཁན་གྱིས་ཐུན་མིན་གྱི་མཐོང་ཚོར་དང་གསོན་ཉམས་དོད་པའི་སྣང་བརྙན་གྱི་ཐོག་ནས་མཚོ་སྔོན་གྱི་གཏམ་རྒྱུད་བརྩེ་བ་ཟབ་མོས་བརྗོད་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་དང་། མི་ཆོས་རིག་གནས་ཀྱི་ཞི་མཐུན་གྱི་མཛེས་པ། འཕེལ་རྒྱས་དང་འབད་འབུངས་མདུན་སྐྱོད་ཀྱི་མཛེས་པ་བཅས་གཅིག་ཏུ་མངོན་ཡོད།

    དེ་རྗེས་སྤེལ་བའི“དུས་རབས་དང་མཉམ་དུ་བསྐྱོད། བརྙན་ལམ་ཐུང་ངུ”ཞེས་པའི་གསར་རྩོམ་འཕེལ་རྒྱས་ཀྱི་གླེང་སྟེགས་ཀྱིས་བྱེད་སྒོའི་ཚ་རླབས་འཕྱུར་བར་བྱས་ཤིང་། གླེང་སྟེགས་ཐོག་རྒྱལ་ནང་གི་གྲགས་ཅན་བརྙན་ལམ་ལས་སྟེགས་ཀྱི་སྤྱི་པའི་ལས་དོན་གྱི་འགན་འཁུར་བ་དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཀྱི་དགེ་རྒན་ཆེ་མོ་བ་དང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་བྱ་དགའ་ཐོབ་མཁན་གྱི་ཚན་པའི་འཐུས་མི་བཅས་སྐུ་མགྲོན་གཙོ་བོར་བརྩིས་ནས་བརྙན་ལམ་ཐུང་ངུའི་ནང་དོན་གསར་གཏོད་དང་། ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། ཁྱབ་སྤེལ་ཇུས་འགོད། སྤྱི་ཚོགས་ཀྱི་འགན་འཁྲི་སོགས་བརྗོད་གཞིར་དམིགས་ཏེ་གླེང་མོལ་དང་མཉམ་སྤྱོད་གཏིང་ཟབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།