ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཐོན་ལས་འོས་སྦྱོར་དང་རྣམ་གྲངས་གན་འཇོག་སོགས་ཀྱི་རྣམ་པ་བརྒྱུད། ལྷ་ས་དང་མཐའ་འཁོར་ས་ཁུལ་གྱི་ཁེ་ལས་ལེགས་གྲས་ལ་མཉམ་ལས་ཀྱི་གྲོས་འགོ་བཏོན་ཡོད་པ་རེད།
ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག ཚོགས་ཞུགས་སྐུ་མགྲོན་ཚོར་ལྷུན་རྩེའི་ཐུན་མིན་གྱི་ས་བབ་ཀྱི་ལེགས་ཆ་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ། ཚོང་གཉེར་ཁོར་ཡུག་ཡག་པོ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་བཅས་ཕྱོགས་ཡོངས་ནས་མངོན་པས། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས། ཚོང་དོན་ཟོག་འགྲེམས། ལུས་གསོས་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་100ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ས་ཡུལ་དངོས་སུ་རྣམ་གྲངས་གལ་ཆེན་ཉི་ཤུར་གན་རྒྱ་བཞག་པ་དང་སྤྱིའི་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་2.21ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།