དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ་རིམ་པའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་41“སྒྱུར་བཀོད་རིམ་སྤོར”བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-16

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་སྒྱུར་བཀོད་རིམ་སྤོར་ལེགས་གྲུབ་ཟིན་པའི་གྲོང་ཚོ་25ཡི་ཏང་དམངས་ཞབས་ཞུ་ལྟེ་གནས་ཁག་གཅིག་སླར་ཡང་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་དང་། དེ་སྔའི“ལས་སྒྲུབ་ཚོམས་ཆེན”ད་ཆ་སློབ་སྦྱོང་དང་། ཞབས་ཞུ། དོན་གྲོས་བཅས་གཞི་གཅིག་ཏུ་འདུས་པའི“སྒོ་འགྲམ་གྱི་ཞབས་ཞུ་ལྟེ་གནས”སུ་འགྱུར་ནས་གཞི་རིམ་དུ་ཞབས་ཞུ“ཡོད་པ”ནས“ལེགས་པའི”བར་མཆོང་སྐྱོད་བྱུང་ཡོད།

    ད་ཐེངས་ཀྱི་ཏང་དམངས་ཞབས་ཞུ་ལྟེ་གནས་25ལ་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ་རིམ་པའི་ཏང་དམངས་ཞབས་ཞུ་ལྟེ་གནས་41ཚད་རིམ་གཉིས་སྤོར་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། “ཞབས་ཞུ་ལྟེ་གནས”རེ་རེར་གཞི་རིམ་ལ་ཞབས་འདེགས་ཞུ་བའི“དྲ་རྒྱ་ཆེན་པོ”གཅིག་ཏུ་བསྡུས་ཏེ་གྲོང་གསེབ་དར་རྒྱས་ལ་རྒྱུན་ཆད་མེད་པར་གསར་བརྗེའི་སྒུལ་ཤུགས་བསྣན་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།