དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྩྭ་མདའ་རྫོང་རོང་སྟོད་ཆུ་ཁའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-16

    མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་རོང་སྟོད་ཆུ་ཁའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ཡུལ་མིའི་དགུན་དུས་གྲང་ངར་སེལ་བའི་དགོས་མཁོ་གང་ལེགས་སྐོང་ཆེད། རོང་སྟོད་ཆུ་ཁའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་ས་ཁུལ་སྲིད་གྲོས་དང་འབྲེལ་མཐུད་བྱས་ནས་རོགས་སྐྱོར་ཐོན་རྫས་བརྩོན་ལེན་ཧུར་ཐག་བྱས་ཏེ། དགུན་ཁའི་དྲོད་སྲུང་གྱོན་ཆས་ཁག་གཅིག་མཐུན་སྦྱོར་བྱས་པ་མ་ཟད། ཟླ་11ཚེས་5ཉིན“དུད་ཁྱིམ་རེས་སྣ་ཁ་རེར་ཡོད་པའི”གཅིག་སྡུད་ཐོག་སྤྲོད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    ད་རེས་སྤྲད་པའི་སྒོར་ཁྲི་17ལྷག་ཙམ་རི་བའི་དགུན་ཁའི་གྱོན་ཆས་ནང་སྲིང་བལ་གྱི་སྟོད་གོས་དང་། སྲིང་བལ་གྱི་གོས་ཐུང་། ནང་འཇམ་སོགས་དྲོད་སྲུང་གྱོན་ཆས་ཚུད་ཡོད་ཅིང་། གྲོང་སྡོད་ལས་དོན་རུ་ཁག་གིས“དྲང་གཞག་དང་དྲང་བདེན”གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ས་ཡུལ་དངོས་སུ་ཁྱིམ་ཚང་རེ་རེ་ཞིབ་བསྡུར་བྱས་ནས་སྤྲོད་པའི་བྱེད་སྟངས་བརྒྱུད་དུད་ཁྱིམ་ཚང་མའི་ཡུལ་མིར་ལུས་ལ་རན་པའི་དྲོད་སྲུང་གྱོན་གོས་ལེན་ཐུབ་པར་བྱས་ནས། ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཐོན་ཁུངས་དེ་ཡུལ་མིས་མིག་མཐོང་ལག་ཟིན་ཐུབ་པའི་དྲོ་སྐྱིད་སྦྱིན་པའི་དངོས་ཟོག་ལ་འགྱུར་བར་བྱས་ནས་མང་ཚོགས་དང་བར་ཐག་སྔར་བས་ཉེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།