རྒྱལ་ཡོངས་ཀྱི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་པ།
འཕེལ་ཚད་སྤྱིའི་ཆ་ནས་བདེ་བླག་བྱུང་བ།
ཚེས་12ཉིན། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔའི་བར། རྒྱལ་ཡོངས་ཀྱི་འབྲུ་རིགས་གཉེར་སྐྱོང་བྱེད་པོ་ཁག་གིས་རིམ་རྩིས་བརྒྱབ་ན་སྟོན་འབྲུ་ཏུན་དུང་ཕྱུར་1ལྷག་ཙམ་ཉོ་སྒྲུབ་བྱས་པ་དང་། ཁྲོམ་རའི་ཐོག་ཉོ་ཚོང་བྱེད་ཚད་ཅུང་མང་པོ་བྱུང་བས། ཉོ་ཚོང་གི་འཕེལ་ཚད་སྤྱིའི་ཆ་ནས་བདེ་བླག་བྱུང་ཡོད་པ་རེད།
སྟོན་འབྲུ་ཉོ་སྒྲུབ་བྱེད་མང་བའི་ནམ་དུས་ནི་ཟླ་བ་10པའི་ཟླ་འགོ་ནས་རིམ་བཞིན་འགོ་ཚུགས་ཤིང་། མིག་སྔར་གཅིག་སྡུད་ཐོག་འཚོང་མང་བའི་དུས་མཚམས་སུ་སླེབས་ཡོད་པ་དང་། སྤྱིའི་ཆ་ནས་ཉོ་སྒྲུབ་ཀྱི་མྱུར་ཚད་མགྱོགས་པ་དང་། ཁྲོམ་རའི་ཉོ་ཚོང་ལ་གསོན་ཤུགས་རྒྱས་པ། འབྲུ་རིགས་སྤུས་ལེགས་དང་རིན་གོང་ཁེ་བ་སོགས་ཀྱི་ཁྱད་ཆོས་མངོན་བཞིན་ཡོད། འདི་ལོ་མ་རྨོས་ལོ་ཏོག་གི་དགོས་མཁོ་ཅུང་ཆེ་རུ་ཕྱིན་པས། ཁྲོམ་རར་ཞུགས་མཁན་མང་བ་དང་། བྱང་ཤར་ས་ཁུལ་གྱི་མ་རྨོས་ལོ་ཏོག་བསྡུ་བའི་མྱུར་ཚད་ལོ་གོང་མ་ལས་མགྱོགས་སུ་ཕྱིན་ཏེ། སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་ཡོད་པ་རེད།
རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྔ་རྗེས་སུ་ཧོ་ནན་དང་། ཧུའུ་ནན། ཧེ་ལུང་ཅང་བཅས་སུ་བར་སྨིན་དང་ཕྱི་སྨིན་འབྲས་རིན་གོང་ཁེ་པོས་ཉོ་སྒྲུབ་བྱེད་པའི་སྔོན་ཇུས་ལག་ལེན་བསྟར་འགོ་ཚུགས་པ་དང་། ས་གནས་ཁག་གིས་རིན་གོང་དམའ་པོས་ཉོ་སྒྲུབ་བྱེད་པར་གྲ་སྒྲིག་བྱས་པའི་མཛོད་ཁང་དུ་ཤོང་ཚད་ཏུན་ཁྲི་1000ལྷག་ཙམ་ཟིན་པས། ཞིང་པའི་འབྲུ་རིགས་ཕྱིར་ཚོང་གི་དགོས་མཁོ་སྐོང་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།