རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་ནང་བོད་ལྗོངས་རུ་ཁག་ལ་ཨང་ལྔ་པ་ཐོབ་པ།

འདི་ནི་བོད་ལྗོངས་རུ་ཁག་གི་བདམས་ཐོན་པ་བསྟན་འཛིན་བློ་བརྟན་དང་རྟ་མཆོག“ཀའོ་ཧྥེ”འགྲན་བསྡུར་བྱེད་བཞིན་ཡོད་པ་དང་། ཁོང་སྒེར་གྱི་ཨང་རིམ་ནང་ཨང་17པར་སླེབས་པ་དང་བོད་ལྗོངས་རུ་ཁག་ཚོགས་པའི་འགྲན་བསྡུར་ནང་ཨང་ལྔ་པར་སླེབས་ཡོད།
ཟླ་11ཚེས་13ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་ནང(མི་སྒེར་གྱི་འོས་ཐོབ་འགྲན་བསྡུར)གཟབ་མཆོར་རྟ་འགྲོས་འགྲན་བསྡུར་ཀོང་ཏུང་ཧྲེན་ཀྲེན་ཀོང་མིང་རྒྱལ་སྤྱིའི་རྟ་རྩལ་ལྟེ་གནས་སུ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།