དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་7.5གསར་སྐྲུན་དང་སྒྱུར་བཀོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-15

    ཉེ་དུས། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ལ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་2753.4བཏང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་7.5གསར་སྐྲུན་དང་སྒྱུར་བཀོད་བྱས་པར་ལོ་འཁོར་མོའི་ལས་འགན་དམིགས་ཚད་ཀྱི་75.4%ལེགས་གྲུབ་བྱུང་བ་རེད། རྒྱལ་ཡོངས་ཀྱི་གཞུང་ལམ་བདག་སྐྱོང་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ལས་གྲྭའི་ལམ་ཐག་སྤྱི་ལེ་ཁྲི་14.8ལག་བསྟར་བྱས་པའི་ནང་སྔོན་འགོག་བདག་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་3.4དང་། ཉམས་བཟོ་བདག་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་7.9 ཆེད་དོན་བདག་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་2.4 འཕྲལ་སྡོམ་བདག་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་1.1བཅས་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།