དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་ཤིང་ཨན་མོང་གི་ཚན་རིག་དང་མཐུན་པའི་འབྲུ་རིགས་མཛོད་ཉར་ལས་འབབ་འཕར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-15

    འདི་ནི་ཟླ་11ཚེས་12ཉིན་ཞིང་པ་ཚོས་ནང་སོག་རང་སྐྱོང་ལྗོངས་ཤིང་ཨན་མོང་ཁོར་ཆིན་ཡིའུ་དབྱི་ཆན་ཆི་ཨར་ཀེ་ཐུའུ་གྲོང་རྡལ་ཤིང་མུའུ་ཀ་ཁྲ་རུ་མ་རྨོས་ལོ་ཏོག་བསྡུ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཡུལ་བབ་དང་བསྟུན་པ་དང་དུད་ཚང་དང་མཐུན་པའི་ཐབས་ཇུས་བཟོས་ཏེ། ཕྱོགས་བསྡུས་འབྲུ་རིགས་མཛོད་ཉར་དང་། འབྲུ་རྡོག་ཐད་ཀར་བརྔ་བསྡུ། གཅིག་སྡུད་འབྲུ་རིགས་མཛོད་ཉར། འབྲུ་རིགས་ཚབ་གསོག་སོགས་ཚན་རིག་དང་མཐུན་པའི་འབྲུ་རིགས་མཛོད་ཉར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འབྲུ་རིགས་ཀྱི་ཐོན་འབབ་ཡག་པ་དང་ཞིང་པ་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།